དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེར་རིག་གནས་དར་སྤེལ་གྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བ།

    ན་ནིང་རིག་གནས་དམངས་ཕན་གྱི་བྱེད་སྒོ་ཐེངས་ཁྲི་2.4ལྷག་ཙམ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-29

    ཉེ་དུས། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ཀྱི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རིག་གནས་དར་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ནས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རིག་གནས་དམངས་ཕན་གྱི་བྱེད་སྒོ་ཐེངས་ཁྲི་2.4ལྷག་ཙམ་སྤེལ་བ་དང་། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་14.58ཟིན་པ་དེ་དུས་མཚུངས་ལས་111.68%འཕར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་དུས་རབས་གསར་པར་རིག་གནས་ཀྱི་ལས་འགན་གསར་པ་མཐའ་གཅིག་ཏུ་འཁུར་ནས། རིག་གནས་དམངས་ཕན་དང་། རིག་གནས་ཀྱིས་མཐའ་མཚམས་དར་རྒྱས། ཕུལ་བྱུང་གི་རིག་གནས་ཐོན་རྫས་གྲོང་གསེབ་ཏུ་མཁོ་འདོན་བྱེད་པའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ། “རིག་གནས་ཁྱིམ་ཚང་ཁྲིར་ཁྱབ་གདལ་གཏོང་བ”དང“ཤེས་དཔལ་དར་བའི་ཇོ་མོ་གླང་མ། དམངས་ཡོངས་ཀྱིས་དཔེ་དེབ་ཀློག”སོགས་སྤུས་རྟགས་ཀྱི་རིག་གནས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ལོ་ཧྲིལ་པོར་གྲོང་གསེབ་ཏུ་རིག་གནས་བྱེད་སྒོ་ཐེངས་8000ལྷག་ཙམ་སྤེལ་བ། གྲོང་གསེབ་ཏུ་གློག་བརྙན་སྟོན་ཚད100%ཟིན་ཡོད། གཞིས་རྩེའི་རྟེན་མཛོད་ཁང་དུས་བཀག་ལྟར་སྒོ་ཕྱེ་བ་དང་། གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་བར་མཐོངས་གསར་པའི“མུ་ཏིག་མཚེའུ་ཡི་གྲོང་ཁྱེར་དཔེ་ཁང”དང་པོ་བསྐྲུན་ནས་རིག་གནས་དམངས་ཕན་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ཡོད། “ཆིང་ཆིང་དང་ཁོ་ཁོ”བསམ་བཀོད་སྤུས་རྟགས་ཇུས་འགོད་བྱས་པ་དང་འབྲེལ། ཚོང་རྟགས་ཐོ་འགོད་བྱས་ནས་པར་དབང་རང་བདག་བྱུང་སྟེ་ཐོན་རྫས་རིགས་16ཐོན་པ་དང་། “བཀྲ་ཤིས་པའི་གཞིས་རྩེའི”པར་དབང་ཐོ་འགོད་བྱས་པ། ཧྲང་ཧའེ་དང་ལྷ་སར་དར་སོ་ཆེ་བའི་གྱོན་ཆས་འགྲེམས་སྟོན་ཐོག་མར་བྱས་པས་རིག་གནས་ཐོན་ལས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།