དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་དང་གཉིས་པར་དཔལ་འབྱོར་སྟོན་གྲངས་མང་དག་ཅིག་ལེགས་ཕྱོགས་སུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-28

    ཚེས་26ཉིན། གསར་འགོད་པར་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་དང་གཉིས་པར་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སླར་གསོ་བྱུང་ནས་ལེགས་ཕྱོགས་སུ་ཕྱིན་པ་དང་ཕྱི་ཕྱོགས་ཚོང་དོན་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་བཟང་པོ་བྱུང་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། འཛད་སྤྱོད་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཞིང་། ཟླ་དང་པོ་དང་གཉིས་པར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་8.1ཟིན་ནས་དུས་མཚུངས་ལས་5.5%འཕར་ཡོད། ཚད་བཀག་གྲངས་བཅད་ཡན་གྱི་ཚན་པའི་ཚོང་ཟོག་སིལ་ཚོང་རིགས་16གི་ནང་ནས་རིགས་14དངོས་སུ་འཕར་ནས་ན་ནིང་གི་ཟླ་12པ་ལས་རིགས་3མང་དུ་སོང་ཡོད། ཞབས་ཞུའི་སིལ་ཚོང་དངུལ་འབོར་12.3%འཕར་བའི་ཁྲོད་བཟའ་འཐུང་ལས་རིགས་ཀྱི་ཡོང་འབབ་12.5%འཕར་ཡོད། རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་15.3%འཕར་བའི་ཁྲོད་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱས་པའི་དངུལ་འབོར་14.4%འཕར་བ་དེས་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་གྱི་བསྡུར་ཚད་22.4%བཟུང་ཡོད།

    ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འགོ་ཚུགས་ཐུབ་པ་བྱུང་ཞིང་། ཟླ་དང་པོ་དང་གཉིས་པར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་6.6ཟིན་ནས་8.7%འཕར་བ་དང་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཟིན་ཐོ་གསར་པ་བཏོད་དེ་ན་ནིང་གི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་7ཙམ་གྱིས་འཕར་མགྱོགས་སུ་སོང་ཡོད། ཕྱིར་གཏོང་དང་ནང་འདྲེན་10.3%དང་6.7%སོ་སོར་འཕར་ཡོད། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་9.0%འཕར་ཡོད། ཨ་རི་དང་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་བྱེད་ཚད་8.1%དང་1.6%སོ་སོར་འཕར་ཡོད། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་17.7%འཕར་ནས་ཕྱི་ཕྱོགས་ཚོང་དོན་དངུལ་འབོར་གྱི་བསྡུར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.2འཕར་ཏེ་54.6%ཟིན་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད།

    བཟོ་ལས་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ཞིང་། ཟླ་དང་པོ་དང་གཉིས་པར་བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་འཕར་ཏེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཁྲལ་དུས་མཚུངས་ལས་7%འཕར་ཡོད། བཟོ་སྐྲུན་ལས་རིགས་ལ་མ་རྩ་གཏོང་ཚད་དུས་མཚུངས་ལས་9.4%འཕར་ཏེ་འཕར་ཚད་ན་ནིང་གི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་2.9ཡིས་མགྱོགས་པ་ཡོད། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་དུས་མཚུངས་ལས་7.5%འཕར་བ་དང་ཟླ་བ་3བསྟུད་མར་མགྱོགས་མྱུར་འཕར་བ་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལ་མ་རྩ་གཏོང་ཚད་10%ཟིན་ནས་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་གཏོང་ཚད་དུས་མཚུངས་ལས་15.1%འཕར་ཡོད། སྒུལ་ནུས་གསར་པའི་ཐོན་རྫས་འཕར་མགྱོགས་པ་དང་ཞབས་ཞུའི་འཕྲུལ་མི་དང་3Dཔར་སློག་སྒྲིག་ཆས་སོགས་ཐོན་རྫས་ཐོན་འབོར་དུས་མཚུངས་ལས་22.2%དང་49.5%སོ་སོར་འཕར་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།