སི་ཁྲོན་ཉག་ཆུའི་མེ་སྐྱོན་ཕྱོགས་ཡོངས་ནས་གཙང་སེལ་དང་ལྟ་སྲུང་གི་དུས་མཚམས་སུ་སླེབས་པ།
ཁྲེང་ཏུའུ་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་གི“3·15”ནགས་ཚལ་མེ་སྐྱོན་ཐག་གཅོད་བཀོད་འདོམས་པུའུ་ཡིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་25ཉིན་སི་ཁྲོན་དང་ཡུན་ནན་གཉིས་ཀྱི་ནགས་ཚལ་མེ་ཟོན་རུ་ཁག་མེ་གསོད་ལས་སྒྲུབ་ཁུལ་དུ་བདེ་བླག་ངང་མཐའ་བསྐོར་ཐུབ་ཡོད། ཚེས་26ཉིན་གྱི་ཆུ་ཚོད་15ཙམ་བར་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་ཐོན་ཡུལ་དུ་སྤྱིའི་ཆ་ནས་མེ་བསད་ཟིན་པ་དང་། བཀོད་འདོམས་པུའུ་ཡིས་མཉམ་འབྲེལ་གྲོས་བསྡུར་དང་བརྡར་གཅོད་བྱས་པ་བརྒྱུད། མེ་སྐྱོན་ཐོན་ཡུལ་དུ་ཕྱོགས་ཡོངས་ནས་གཙང་སེལ་དང་ལྟ་སྲུང་གི་དུས་མཚམས་སུ་སླེབས་ནས་མེ་གསོད་རུ་ཁག་ཁག་གཅིག་བཀོད་སྒྲིག་ལྟར་རིམ་པ་བཞིན་ཕྱིར་ལོག་གིན་ཡོད་པ་རེད།