དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཧོང་ཏུ་ར་སིའི་ཙུང་ཐུང་ཁཱ་སི་ཐེ་ལུའོ་ཡིས་ཀྲུང་ཧོང་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧོང་ཏུ་ར་སིའི་ཙུང་ཐུང་ཁཱ་སི་ཐེ་ལུའོ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཟླ་3པར་ཀྲུང་གོས་ཧོང་ཏུ་ར་སི་དང་ཕྱི་འབྲེལ་བཙུགས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་རྩོམ་འགོ་ཚུགས་ཡོད། ན་ནིང་ཟླ་6པར་ཙུའུ་ཐུང་མཁྱེན་ལྡན་མས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ནས་ང་ཚོས་གྲོས་མོལ་གནང་བ་མ་ཟད། ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་སྟེ་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པར་བརྟེན་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་མ་ཐེབས་ནས་ཆུ་ཚད་མཐོ་པོས་འགོ་འཛུགས་ཐུབ་པ་བྱུང་ཡོད། ཧོང་ཏུ་ར་སིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པར་ངས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧོང་དབར་ཕྱི་འབྲེལ་བཙུགས་པ་དེ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་པའི་ཡང་དག་པའི་ཆབ་སྲིད་ཀྱི་བརྡར་གཅོད་ཅིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། ངས་ཀྲུང་ཧོང་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཁཱ་སི་ཐེ་ལུའོ་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར་བ་གོ་སྐབས་སུ་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་བྱེད་ཚད་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་ཧོང་འབྲེལ་བའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད།

    ཁཱ་སི་ཐེ་ལོའུ་ཡིས། ཀྲུང་གོར་ལོ་ངོ་སྟོང་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་པས། འཛམ་གླིང་གི་མིག་དཔེ་ཡིན་ལ། ཧོང་ཏུ་ར་སིའི་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་། ཀྲུང་གོས་གསར་གཏོད་འཕེལ་རྒྱས་ལ་གཞོལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་ཇུས་གཞིར་མཉམ་གྲོས་བྱས་ཏེ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་རོགས་རམ་ཆེན་པོ་བྱེད་པ་ང་ཚོས་མིག་མཐོང་ལག་ཟིན་བྱུང་། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་བསྲུངས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་ཚུགས་རང་བདག་དང་ཕན་ཚུན་བརྩི་འཇོག་གི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཡུན་རིང་གནས་པའི་སྨོན་འདུན་ཡང་ཞུ་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།