དར་ཆ་བསྒྲེངས་ནས་བླ་སྲོག་གཏོད། གཞུང་འཁྱོངས་གསར་འབྱེད་རོལ་མོ་དཀྲོལ།
—— 2023ལོའི་མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྐོར་བཀོད་པ།
2023ལོར་མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོཌ་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་པ། ལྟེ་བར་དམིཌ་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཞི་སྒྱུར་རྩ་སྒྱུར། གཞུང་འཁྱོངས་གསར་འབྱེད་བཅས་བྱས་པས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་། དྲིལ་བསྒྲགས་སྒྲོག་འགྲེལ་མི་སེམས་ལ་གཏིང་ཟབ་ཟུག་པ། རིག་རྩལ་དང་རིག་གནས་ཡང་ངོའི་ཟླ་ལྟར་གོང་དུ་འཕེལ་ཡོད།
རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཞིང་། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་དང་། དམངས་ཡོངས་ཀྱི་སྒྲོག་འགྲེལ། ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་སོགས་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་དང་དྲིལ་བསྒྲཌ་སློབ་གསོའི་ལམ་སྲོལ་ཁག་6འཐུས་སྒོ་ཚང་དུ་བཏང་སྟེ། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་དང་། ཀྲི་པུའུ་ཡི་སློབ་སྦྱོང་ཚོགས་འདུ། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་ནུས་པ་གང་ལེགས་བཏོན་ནས་ས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་ལ་མཛུབ་ཁྲིད་བྱས་ཏེ་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་5443འཚོགས་ཡོད། གཞན་ཡང་ཚོགས་རིགས་དབྱེ་བ་དང་། དམིགས་ཡུལ་ཅན། སྟབས་བསྟུན་ཅན། གསོན་ཉམས་ཅན་བཅས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་9692སྤེལ་བར་མི་ཐེངས་ཁྲི་46ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།
གཞི་རིམ་སྒྲོག་འགྲེལ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཡོངས་ཀྱི“གཞི་རིམ་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”དཔྱད་བསྡུར་ནང་ཧུར་ཐག་ཞུགས་པ་དང་། སྒྲོག་འགྲེལ་པ་གཉིས་རང་སྐྱོང་ལྗོངས་ཀྱི“སྒྲོག་འགྲེལ་པ་ཡག་ཤོས་བཅུ”ལ་བདམས་ཐོན་བྱུང་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་དམིགས་ནས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་བསྟར་ཤུགས་ཆེན་བྱས་པ་དང་། རིམ་རྩིས་བྱས་ན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་སོགས་ཐེངས་800ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་3.2ལ་སློབ་གསོ་ཐེབས་ཡོད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྤེལ་ཞིང་། རིམ་རྩིས་བྱས་ན་འབྲེལ་ཡོད་སློབ་གསོ་གསོ་སྦྱོང་ཐེངས་2300ལྷག་ཙམ་བྱས་པ་དང་། རིམ་ཁག་མཉམ་འདྲེས་སྨྱན་སྦྱོར་གྱིས་འབྲེལ་ཡོད་བརྩམས་ཆོས་600ལྷག་ཙམ་བཏོན་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་པོ་འཛུཌ་པ་དང“འདུ་ཤེས་གསུམ”གྱི་སློབ་གསོ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། “རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བ”དང་། བོད་གསར་རྙིང་བསྡུར་བའི་འགྲེམས་སྟོན། གཏམ་བཤད་འགྲན་བསྡུར། གསར་བརྗེའི་གློག་བརྙན་སྟོན་པ། སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བ་སོགས་མང་ཚོགས་རང་བཞིན་གྱི་ལག་ལེན་བྱེད་སྒོ་ཐེངས་2000ལྷག་ཙམ་སྤེལ་བར་མང་ཚོཌ་མི་ཐེངས་ཁྲི་8.9ཞུགས་ཡོད་ཅིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།
སྤྱི་ཚོཌ་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུཌ་སྣོན་རྒྱག་པའི་ཐད། མངའ་རིས་ས་ཁུལ་གྱིས་ཤེས་དཔལ་སྐྱེད་སྲིང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་སྲོལ་གཏོད་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བས། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་6དང་། རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་46 ས་ཁུལ་གྱི་ཤེས་དཔལ་ཚན་པ་19 ཤེས་དཔལ་ཁྱིམ་ཚང་26བཅས་བདམས་ཐོན་བྱུང་ཡོད། དང་བླངས་ཞབས་ཞུའི་རུ་ཁག་712དང་དང་བླངས་པ་ཁྲི་1.79ལྷག་ཙམ་སྒྲིག་འཛུགས་བྱས་ནས་རིམ་རྩིས་བྱས་ན་རིགས་ཁག་གི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་9000ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་24ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།