དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར“དར་གོས་ལམ་བུའི” སྐམ་སའི་གྲུ་ཁའི་ལྟེ་གནས་སུ་ལས་བྲེལ་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-27

    ཧ་སྨི་སྐམ་སའི་གྲུ་ཁའི་ལྟེ་གནས་ནི་ཤིན་ཅང་ཧ་སྨི་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་2023ལོའི་ཟླ་9ཚེས་23ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། དངོས་ཟོག་གཙོ་བོ་ཧྲན་ཏུང་དང་། ཐེན་ཅིན། ཧྲེན་ཀྲེང་། ཅང་སུའུ་སོགས་ནས་ཡོང་བ་དང་གཙོ་བོ་ཁྱིམ་སྤྱོད་གློག་ཆས་དང་། ཉི་ནུས་འོད་ཤུགས་ལེབ་མོ། རླངས་འཁོར་གྱི་ལྷུ་ལག སྨན་བཅོས་ཡོ་བྱད། ཉེར་མཁོའི་བརྒྱ་ཟོག བཟའ་བཅའ་སོགས་ཡོད་པས། དངོས་ཟོག་དེ་དག་ཧོར་གོ་སི་དང་ཨ་ལ་ལ་ཁའི་ས་མཚམས་བསྒྲལ་ཏེ་ཨུ་ཟ་བྷེ་ཁི་སི་ཐན་དང་། ཧ་སག་སི་ཐན། ཁེར་གྷི་སི་ཐན་སོགས་རྒྱལ་ཁབ་ལ་གཏོང་གི་ཡོད། འདི་ནི་ཧ་སྨི་སྐམ་སའི་གྲུ་ཁའི་ལྟེ་གནས་ཀྱི་ལས་དོན་པས་འདེགས་འཁོར་བཏང་ནས་དོས་སྒམ་བླུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།