དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ཚོགས་འདུ་པར་ཙིར་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རི་ནེ་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ཚོགས་འདུ་པར་ཙིར་གྱི་གྲོང་ཁྱེར་ལི་གཡོད་རི་ནེ་ལུའུ་རུ་འཚོགས་ཤིང་། ལི་གཡོད་རི་ནེ་ལུའུ་ཀྲོའུ་སྲིད་གཞུང་དང་། ཚོང་ལས་མཐུན་ཚོགས། ཁེ་ལས་བཅས་ཀྱི་འཐུས་མི་100ལྷག་ཙམ་གྱིས་དྲ་ཐོག་དང་དྲ་ཕྱིའི་ཐོག་ནས་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད།

    ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཀྲེང་ཕིང་གིས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་བདེ་བླག་ངང་ལོ་དྲུག་བསྟུད་མར་འཚོགས་པ་དང་། དེ་བས་སྤུས་ལེགས་ཀྱི་ཕྱི་རྒྱལ་གྱི་ཚོང་ཟོག་དང་ཞབས་ཞུ་ནང་འདྲེན་དངོས་མང་སྟོན་ཚོགས་བརྒྱུད་ཀྲུང་གོའི་ཁྲོམ་རར་བཏོན་པ་དང་། པར་ཙིར་གྱི་ལས་རིགས་ཁག་གི་གྲོགས་པོ་ད་ལོའི་ཟླ་11པར་ཧྲང་ཧའེ་རུ་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་རྒྱུར་ལྷག་བསམ་ཟོལ་མེད་ངང་གདན་འདྲེན་ཞུ་རྒྱུ་ཡིན་པས། པར་ཙིར་གྱི་ཁེ་ལས་སླར་ཡང“ནང་འདྲེན་དངོས་མང་སྟོན་ཚོགས་སུ་ཡོང་རྒྱུའི”རེ་སྒུག་བྱེད་ཀྱི་ཡོད། སྟོན་ཚོགས་སྒྲིག་འཛུགས་སྒྲིག་གཞིས་དེ་བས་སྤུས་ལེགས་ཀྱི་འགྲེམས་ཞུགས་ཚོང་པ་མུ་མཐུད་སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་རྒྱུ་རེད་ཅེས་བརྗོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། པར་ཙིར་གྱི་ཁེ་ལས་ལོ་དྲུག་བསྟུད་མར་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ཏེ་ལོའི་ཆ་སྙོམས་འགྲེམས་ཞུགས་རྒྱ་ཁྱོན་སྨི་ངོས་གྲུ་2000ལས་བརྒལ་བ་ནི་སྐབས་རིམ་བྱུང་གི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཁེ་ལས་དང་ཚོང་ལས་འགྲེམས་སྟོན་ནང་གི་ལ་ཏིང་མེ་གླིང་ས་ཁུལ་གྱི་འགྲེམས་ཞུགས་རྒྱལ་ཁབ་ཆེ་ཤོས་དེ་རེད།

    ཚེས་22ཉིན། ལི་གཡོད་ཚོང་ལས་མཐུན་ཚོགས་དང་། པར་ཙིར་ཕྱི་ཕྱོགས་ཚོང་དོན་ཚོང་ཚོགས་མཉམ་འབྲེལ་ཚོགས་པ། ཀྲུང་གོ(པར་ཙིར)མ་འཇོག་སྐུལ་སྤེལ་ལྟེ་གནས་དང་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་ཞབས་ཞུ་ཀུང་སི་ལི་གཡོད་གྲུ་ཁ་བཅས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་རྒྱུ་གཏན་འཁེལ་བྱས་པ་དང་འབྲེལ། འོས་སྦྱོར་ཚོགས་འདུ་ཚོགས་ཡུལ་དུ་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་ཀྱང་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།