དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་ཤིས་ཀན་ཀྲོའུ་ནས་ཕྱི་རྒྱལ་དུ་ཐོན་རྫས་མགྱོགས་མྱུར་བཏང་བས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-27

    ད་ལོ་ཚུན། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱིས་ཕྱི་རྒྱལ་ཁྲོམ་རའི་མངགས་ཐོ་ཧུར་ཐག་བླངས་ནས་ཐོན་སྐྱེད་ལ་དམ་འཛིན་དང་ཕྱིར་གཏོང་ལ་སྐུལ་འདེད་བཏང་སྟེ་དུས་ཚིགས་དང་པོར“འགོ་ཚུགས་འཕྲལ་གྲུབ་འབྲས་ཐོབ་པར”འགན་ལེན་བྱས་ཡོད། ད་ལོའི་ཟླ་དང་པོ་དང་གཉིས་པར་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་139.1ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་26.7%འཕར་ནས་འཕར་ཚད་ཅང་ཤིས་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་104ཟིན་ནས་24.1%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་35.1ཟིན་ནས་35.1%འཕར་ཡོད་པ་རེད། འདི་ནི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཧྲན་ཏུང་ཁའེ་མཱ་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཀན་ཀྲོའུ་ཡན་ལག་ཀུང་སིར་གྲལ་འགྲིག་པོར་བཞག་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱི་རྒྱལ་གྱི་ཁྲོམ་རར་དབོར་རྩིས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།