དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་ལུས་རྩལ་ཐང་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་ཐན་ཙན་ནི་ཡའི་རིག་གནས་སྒྱུ་རྩལ་དང་ལུས་རྩལ་པུའུ་བཅས་ཀྱིས་ཐན་ཙན་ནི་ཡའི་གྲུ་ཁའི་གྲོང་ཁྱེར་ཏ་རེ་སི་ས་ལམ་དུ་ཨ་ལུའུ་ཧྲ་ཕྱོགས་བསྡུས་ལུས་རྩལ་ཐང་རྣམ་གྲངས་འཛུགས་སྐྲུན་གྱི་གན་འཇོག་མཛད་སྒོ་འཚོགས་པ་རེད། ཐན་ཙན་ནི་ཡའི་རིག་གནས་སྒྱུ་རྩལ་དང་ལུས་རྩལ་པུའུ་ཡི་པུའུ་ཀྲང་ཏ་མ་སི·ཏན་ཉིར·ཨེན་ཏུན་པ་ལུའོ་ཡིས་གན་འཇོག་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཨ་ལུའུ་ཧྲ་ཕྱོགས་བསྡུས་ལུས་རྩལ་ཐང་གི་རྣམ་གྲངས་ལ་དོན་སྙིང་ཆེན་པོ་ལྡན་ཡོད་པ་དེ་ས་གནས་དེ་གའི་གནས་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་གྱུར་རྒྱུ་ཡིན་པས། ཀྲུང་གོའི་ཁེ་ལས་ཀྱིས་ཐན་ཙན་ནི་ཡའི་རྨང་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།