དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡའོ་ལིན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-27

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཡའོ་ལིན་གྱིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་གྱོད་གཞི་དེ། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་བྱེད་མཇུག་འགྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱེད་པར་རྩིས་སྤྲད་པ་རེད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མངའ་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་དུ། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཡའོ་ལིན་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མར་འདྲི་རྩད་དང་དག་འབུད་བྱས་པའི་བསམ་འཆར་ཡང་ཉན་འཇོག་བྱས་པ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་བྱས་དོན། 2011ལོ་ནས་2023ལོའི་བར་ཞུ་སྦྱོར་ཕྱི་མ་ཡའོ་ལིན་གྱིས་ཟི་ལིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་འཁུར་རིང་གོ་གནས་དང་འགན་དབང་གི་སྟབས་བདེར་བརྟེན་ནས་་གཞན་ལ་ཁེ་ཕན་བསྒྲུབས་པ་དང་ཁྲིམས་འགལ་ངང་གཞན་གྱི་རྒྱུ་དངོས་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བས། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་མིང་ཐོག་ནས་དེའི་ཉེས་དོན་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།