དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བློ་མཐུན་ཀའོ་ཧྲི་ཀྲེན་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    ཚའེ་ཆི་དང་། ལི་ཀན་ཅེ། ཧུའུ་ཅིན་ཐའོ། ཝུའུ་ཀོན་ཀྲེང་། བློ་བཟང་རྒྱལ་མཚན། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། དབྱང་ཁྲོན་ཐང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཀའོ་ཧྲི་ཀྲེན་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་སྦྲགས། ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་གནང་བ།

    ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མྱ་ངན་ཞུས་པ་དང་སེམས་གསོ་འཚམས་འདྲི་གནང་བ།

    ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། གུང་ཁྲན་རིང་ལུགས་ཀྱི་ལྷག་བསམ་རྣམ་དག་གི་འཐབ་འཛིང་བ། སྲིད་གྲོས་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཀའོ་ཧྲི་ཀྲེན་སྙུང་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2024ལོའི་ཟླ་3ཚེས་20ཉིན་གྱི་ཆུ་ཚོད་6དང་སྐར་མ་10ཡི་ཐོག་སི་ཁྲོན་ཁྲེང་ཏུའུ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་85ཡིན་པ་རེད།

    ཚའེ་ཆི་དང་། ལི་ཀན་ཅེ། ཧུའུ་ཅིན་ཐའོ། ཝུའུ་ཀོན་ཀྲེང་། བློ་བཟང་རྒྱལ་མཚན། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། དབྱང་ཁྲོན་ཐང་སོགས་བློ་མཐུན་གྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཀའོ་ཧྲི་ཀྲེན་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་སྦྲགས། ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས་སོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཀའོ་ཧྲི་ཀྲེན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་སྦྲགས། ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་གནང་བ་རེད།

    ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་སོགས་ཀྱིས་བློ་མཐུན་ཀའོ་ཧྲི་ཀྲེན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་གནང་བ་རེད། དབྱིན་ཧུང་ཤིང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་བློ་མཐུན། ཞིང་ཆེན་རིམ་པའི་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་བཅས་ཀྱིས་བྱ་ཐབས་མི་འདྲ་བའི་ཐོག་ནས་མྱ་ངན་ཞུས་པ་དང་སེམས་གསོ་འཚམས་འདྲི་གནང་བ་རེད། 

    2024ལོའི་ཟླ་3ཚེས་22ཉིན་བློ་མཐུན་ཀའོ་ཧྲི་ཀྲེན་གྱི་སྐུ་ཕུང་ཁྲེང་ཏུའུ་གྲོང་ཁྱེར་ཤར་འདབས་ཀྱི་ཞུགས་འབུལ་ཁང་དུ་ཞུགས་འབུལ་བྱས་པ་རེད།

    1939ལོའི་ཟླ་12པར་བློ་མཐུན་ཀའོ་ཧྲི་ཀྲེན་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་འཁྲུངས། 1950ལོའི་ཟླ་10པར་ལས་ཀར་ཞུགས། 1960ལོའི་ཟླ་8པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་བོད་ལྗོངས་རྒྱལ་རྩེའི་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ས་ཞིང་བཅོས་སྒྱུར་ལས་དོན་ཚོགས་ཆུང་གི་ལས་དོན་མི་སྣ་དང་དྲིལ་བསྒྲགས་རུ་ཁག་གི་རུ་དཔོན་གཞོན་པ་དང་། བོད་རང་སྐྱོང་ལྗོངས་རྒྱལ་རྩེ་རྫོང་མྱང་སྟོད་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལུང་དམར་ཆུས་སློབ་གསུམ་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ། མྱང་སྟོད་ཆུས་ཨུད་ཀྱི་ཧྲུའུ་ཅི། མྱང་སྟོད་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་དང་། བོད་རང་སྐྱོང་ལྗོངས་རྒྱལ་རྩེ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། གཞིས་རྩེ་ས་ཨུད་ཀྱི་ཨུ་ཡོན། རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཅས། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ལྷ་ས་གྲོང་ཁྱེར་མང་ཚོགས་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གཅིག་ལྕོགས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་དང་པོ་དང་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་གནང་བ་རེད། 2005ལོའི་ཟླ་2པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒན་ཡོལ་ཞུས་གནང་བ་རེད།

    བློ་མཐུན་ཀའོ་ཧྲི་ཀྲེན་ནི་1951ལོར་བོད་དུ་སྐྱོད་པའི“དམག་སྡེ་བཅོ་བརྒྱད་པའི”དམག་མི་ཞིག་ཡིན་ཞིང་། ཁོང་ལ་བླ་ན་མེད་པའི་གསར་བརྗེའི་ཕུགས་བསམ་དང་འགྱུར་མེད་ཀྱི་གསར་བརྗེའི་དད་སེམས་བརྟན་པོ་ཡོད་ཅིང་། སྔ་བར་ཕྱི་གསུམ་དུ་ཏང་དང་མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པར་བརྩི་བ་དང་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    བློ་མཐུན་ཀའོ་ཧྲི་ཀྲེན་གྱི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་ལས་ལ་གཞོལ་བའི་སྐུ་ཚེ་ཧྲིལ་པོ་ཞིག་དང་། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་ཞིག བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ་ཞིག་བཅས་ཡིན་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཁོང་ལ་ནམ་ཡང་རྗེས་དྲན་ཞུ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།