དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧན་ཧྲུའུ་ལིའི་ལོ་ལྔ་བཅུའི་རིང་བོད་དངོས་བྲིས་ཀྱི་བརྩམས་ཆོས་འགྲེམས་སྟོན་ཨའོ་མོན་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-26

    ཚེས་22ཉིན“ཧན་ཧྲུའུ་ལིའི་ལོ་ལྔ་བཅུའི་རིང་གི་བོད་དངོས་བྲིས”ཀྱི་བརྩམས་ཆོས་འགྲེམས་སྟོན་ཨའོ་མོན་དུ་འགོ་ཚུགས་ནས། ཧན་ཧྲུའུ་ལི་ཡིས་བྲིས་པའི་བརྩམས་ཆོས་80ཙམ་འགྲེམས་སྟོན་བྱས་ཤིང་། རི་མོའི་བརྩམས་ཆོས་དག་ལས་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རི་མོའི་ཁྲོད་ཀྱི་མི་སྣའི་གོས་རྒྱན་དང་དེ་བཞིན་བསམ་བློའི་འགྱུར་ལྡོག་མངོན་པ་དང་། དུས་རབས་འཕེལ་རྒྱས་ཀྱི་འཕོ་འགྱུར་ཤུགས་ཆེན་མཚོན་ཡོད་ལ། རྩོམ་པ་པོའི་སྒྱུ་རྩལ་འཚོལ་ཞིབ་ཀྱི་ལམ་བུ་ཡང་མངོན་གྱི་ཡོད།

    “དངོས་བྲིས་ནི་རི་མོ་མཁས་ཅན་གྱི་གཞི་རྩའི་ནུས་རྩལ་ཞིག་དང་། རི་མོ་གསར་རྩོམ་གྱི་རྨང་གཞི་ཞིག་རེད་ལ། ངས་འཚོ་བ་ཟིན་ཐོར་འགོད་པ་དང་འཚོ་བར་མྱོང་རོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན”ཞེས་ཧན་ཧྲུའུ་ལི་ཡིས་བཤད་པ་དང་། ཁོང་གིས། ང་རང་རི་མོ་ཁང་དུ་རི་མོ་འབྲི་བ་ལས་མི་ངོ་མ་དང་ངོ་ཐུག་ནས་འབྲི་རྒྱུར་དེ་བས་དགའ་བ་ཡོད། རི་མོ་འབྲི་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཁྲོད་སྣ་མང་ཕུན་སུམ་ཚོགས་པའི་མི་ཚེའི་གཏམ་རྒྱུད་དག་རི་མོའི་ནང་མཉམ་འདྲེས་ཐུབ་པའི་སྣང་བ་ཡོང་གི་འདུག་ཅེས་བཤད། བོད་དུ་ཐོག་མར་སླེབས་པའི1973ལོ་ནས་ད་བར་ལོ་50སོང་རིང་། ཁོང་བོད་ཀྱི་གྲོང་ཁྱེར་དང་རྫོང་70ལྷག་ཙམ་ལ་བསྐྱོད་མྱོང་ཡོད།

    ད་ཐེངས་ཀྱི་འགྲེམས་སྟོན་ནི་ཨའོ་མོན་ཐེབས་རྩ་ལྷན་ཚོགས་དང་། བོད་ལྗོངས་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་ཨའོ་མོན་མཛེས་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཨའོ་མོན་བོད་ལྗོངས་རིག་གནས་ཡར་སྐུལ་ཚོགས་པས་གཉེར་རོགས་བྱས་པ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་དྲིལ་བསྒྲགས་རིག་གནས་པུས་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཞིང་། ཟླ་3ཚེས་30ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།