ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་ལི་གཡོད་ཁོ་ཕ་ཁཱ་པ་ན་མཚོ་འགྲམ་དུ་དཀྲོལ་བ།
ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་གྱི་དགོང་མོ། པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཡི་ས་གནས་དེ་གའི་དམངས་ཚོགས་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་ལས་དོན་མི་སྣ་བཅས་ཀྱིས་སྐད་གྲགས་ཆེ་བའི་ཁོ་ཕ་ཁཱ་པ་ན་མཚོ་འགྲམ་དུ་ཀྲུང་གོའི་ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་མི་རིགས་ཀྱི་ཁང་ནང་རོལ་དབྱངས་ཚོགས་པའི་རོལ་དབྱངས་འདུ་ཚོགས་ལ་མཉམ་དུ་ལྟད་མོ་བལྟས་པ་རེད། འདི་ནི་ཀྲུང་གོའི་ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་མི་རིགས་ཀྱི་ཁང་ནང་རོལ་དབྱངས་ཚོགས་པའི་སྒྱུ་རྩལ་པས་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་འཁྲབ་སྟོན་བྱེད་བཞིན་པ།