དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་གསར་དུ་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-26

    ཟླ་3ཚེས་21ཉིན་དང་ཚེས་22ཉིན། ཀྲུང་གོའི་རིག་དངོས་ཚགས་པར་ཁང་དང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་རྒྱལ་ཡོངས་ཀྱི་གསར་དུ་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཆེན་པོ་བཅུའི་མཐའ་མའི་དཔྱད་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།

    ཆེད་ལས་ཀྱི་དཔྱད་འདེམས་ནན་པོ་བྱས་པ་བརྒྱུད། ཧྲན་ཏུང་དབྱི་ཧྲུའེ་པ་ཧྲན་རི་བོའི་རྗེས་ཤུལ་གྱི་ཚོམ་བུ་དང་། ཧྥུའུ་ཅན་ཕིང་ཐན་ཁོ་དེའུ་འབུར་རྗེས་ཤུལ་ཚོམ་བུ། ཨན་ཧུའེ་ལང་ཞི་མོ་ཕན་ཧྲན་རི་བོའི་རྗེས་ཤུལ། ཧུའུ་པེའི་ཅིང་མོན་ཆུས་ཅ་ལིན་གྱི་རྗེས་ཤུལ། ཧོ་ནན་ཡུང་ཁྲེང་རྒྱལ་མཁར་གྱི་རྗེས་ཤུལ། ཧོ་ནན་ཀྲེང་ཀྲོའུ་ཧྲང་ཏུའུ་དཔེ་ཁང་སྲང་ལམ་གྱི་བང་སོ། ཧྲའན་ཤིས་ཆིང་ཅན་གྲོང་སྡེའི་ལུང་ཤུར་གྱི་རྗེས་ཤུལ། ཀན་སུའུ་ལི་རྫོང་ཟུར་བཞི་ཐང་གི་རྗེས་ཤུལ། ཧྲན་ཤིས་ཧོ་ཀྲོའུ་ཁྲེང་གྲོང་ཚོའི་རྫ་ཆས་བཟོ་ཁང་གི་རྗེས་ཤུལ། ནན་ཧའེ་ནུབ་བྱང་ལུའུ་ཕོ་ཨང་རྟགས་དང་པོ་དང་གཉིས་པའི་གྲུ་བྱིང་རྗེས་ཤུལ་བཅས་ཀྱི་རྣམ་གྲངས་བཅུ་2023ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་དུ་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཆེན་པོ་བཅུར་བདམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།