དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ ཐེངས་བཞི་པའི་ལས་དོན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-25

     ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་དངོས་སུ་འགོ་ཚུགས་ཤིང་། དུས་ཡུན་ལོ་17སོང་རྗེས། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་རིག་དངོས་ལ་སླར་ཡང་ཤེས་རྟོགས་བྱེད་འགོ་ཚུགས་ཡོད།

    རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་དེ་2007ལོའི་ཟླ་4པར་འགོ་བཙུགས་ནས་2011ལོའི་12པར་མཇུག་བསྒྲིལ་ཞིང་། “ཡོངས་བཤེར་ཐེངས་གསུམ་པའི”ལས་དོན་སྤེལ་རིང་། མཚོ་སྔོན་གྱིས་སྤོ་མི་རུང་བའི་རིག་དངོས་ཁྱོན་ཁག་6411ཡོངས་བཤེར་ཐོ་འགོད་བྱས་པའི་ཁྲོད། ཁག་3995ལ་བསྐྱར་ཞིབ་དང་ཁག་2416གསར་དུ་ཤེས་རྟོགས་ཐུབ་ཡོད། གསར་དུ་ཤེས་རྟོགས་ཐུབ་པའི་གྲངས་འབོར་གྱིས་སྤོ་མི་རུང་བའི་རིག་དངོས་ཐོ་བཀོད་གྲངས་འབོར་གྱི་33%བཟུང་ཡོད། ཡོངས་བཤེར་ལས་དོན་སྤེལ་བ་དེས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་ཤུལ་བཞག་ཁག་ཕྱིར་སྣུར་སྲིང་དང་ནང་དོན་ཐད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་དེ་2026ལོའི་ཟླ་6པར་མཇུག་འགྲིལ་རྒྱུ་ཡིན་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་དེ་དུས་མཚམས་གསུམ་ལ་ཕྱེ་བ་སྟེ། དུས་མཚམས་དང་པོ་དེ་2023ལོའི་ཟླ་11ནས་2024ལོའི་ཟླ་4པ་བར་ཡིན་ཞིང་། ལས་འགན་གཙོ་བོ་ནི་རིམ་ཁག་ཡོངས་བཤེར་སྒྲིག་གཞི་བཙུགས་ནས་ལག་བསྟར་ཇུས་གཞི་སོགས་བཟོ་རྒྱུ་དང་། དུས་མཚམས་གཉིས་པ་དེ་2024ལོའི་ཟླ་5པ་ནས་2025ལོའི་ཟླ་5པ་བར་ཡིན་ཞིང་། ལས་འགན་གཙོ་བོ་ནི་རྫོང་ཁོངས་གཞི་རྩའི་ཚན་པར་བྱས་ནས་ས་གནས་ས་ཐོག་ཏུ་རིག་དངོས་ལ་བརྟག་དཔྱད་བྱ་རྒྱུ། དུས་མཚམས་གསུམ་པ་དེ་2025ལོའི་ཟླ་6པ་ནས་2026ལོའི་ཟླ་6པ་བར་ཡིན་ཞིང་། ལས་འགན་གཙོ་བོ་ནི་སྤོ་མི་རུང་བའི་རིག་དངོས་ཁྲིམས་བཞིན་གཏན་འཁེལ་དང་། ཐོ་འགོད། ཡོངས་བསྒྲགས་བཅས་བྱ་རྒྱུ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་དཀར་ཆག་བཟོས་ནས་རིམ་པ་བཞིན་ཞིབ་བཤེར་བྱས་ནས་རྩིས་བླངས་ཏེ་སྤྱི་ཚོགས་ལ་ཡོངས་བཤེར་གྲུབ་འབྲས་ཁྱབ་བསྒྲགས་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།