དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་བུད་མེད་དང་གཞོན་ནུར་དབང་ཆ་སྤྲོད་པའི་འཚོལ་ཞིབ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-25

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གདོང་ཐུག་སྔོན་འགོག་དང་བུད་མེད་དང་གཞོན་ནུར་དབང་སྤྲོད་ཀྱི་མཐོ་རིམ་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཞའོ་ཝེ་ཡིས་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་དང་གཞོན་ནུར་དབང་ཆ་སྤྲོད་པའི་ཐད་སྔར་བས་འཚོལ་ཞིབ་དང་འབད་འཐབ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད།

    མཉམ་འབྲེལ་རྒྱལ་ཚོགས་བུད་མེད་གནས་བབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐབས་རེ་བརྒྱད་པ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། ཧོང་ཞའོ་ཝེ་ཡིས་ཀྲུང་གོའི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཞུགས་པ་རེད། ཧོང་ཞའོ་ཝེ་ཡིས་གཏམ་བཤད་སྤེལ་སྐབས། གདོང་ཐུག་སྔོན་འགོག་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དེ་བུད་མེད་དང་གཞོན་ནུ་རྒྱ་ཁྱབ་ངང་ཞུགས་པ་དང་ཁ་འབྲལ་ཐབས་མེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་1325པ་དང་2250པར་སྔ་རྗེས་སུ་གྲོས་འཆམ་བྱས་ནས་བུད་མེད་དང་གཞོན་ནུས་ཞི་བའི་འཕེལ་རིམ་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་བྱས་པ་དང་། བུད་མེད་དང་བྱིས་པ་ཞི་བདེ་འཕེལ་རྒྱས་བྱ་གཞག་ནང་ཞུགས་པར་མཛུབ་སྟོན་གལ་ཆེན་བྱས་ཡོད་ཅེས་བརྗོད།

    ཧོང་ཞའོ་ཝེ་ཡིས་བརྗོད་དོན། ཀྲུང་གོ་ནི་བུད་མེད་དང་གཞོན་ནུའི་དབང་སྤྲོད་དང་འཕེལ་རྒྱས་བྱ་གཞག་དར་སྤེལ་གཏོང་མཁན་བརྟན་པོ་དང་བྱ་སྤྱོད་ཧུར་ཐག་སྤེལ་མཁན་ཞིག་ཡིན་པ་དང་། ཁྲིམས་འཛུགས་འགན་ལེན་དང་སྲིད་ཇུས་བྱེད་ཐབས་ལ་བརྟེན་ནས་བུད་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ལོངས་སུ་སྤྱོད་པར་གཞོལ་བཞིན་ཡོད། ཀྲུང་གོས་གྲོང་གསེབ་ཀྱི་བུད་མེད་ཁྲི་4400ལྷག་ཙམ་དབུལ་པོ་དབུལ་ནག་གི་གནས་ལས་སྒྲོལ་བར་རོགས་རམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།