དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལོའི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-25

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་12ཉིན་བར། ཀྲུང་ལོའི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3020དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་3424ཟིན་པའི་ནང་རྒྱལ་སྒྲོལ་དངོས་ཟོག་ཏུན་ཁྲི་780ཚུད་ཡོད་པས་རྒྱལ་སྤྱིའི་འགྲོ་ལམ་འཁྲུག་ཤོས་ཀྱི་ནུས་པ་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་སོང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ལོའི་ལྕགས་ལམ་གྱི་ཀྲུང་གོའི་དུམ་བུར་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་དུས་འགོའི་35ནས་མིག་སྔའི་51བར་མང་དུ་ཕྱིན་པ་དང་། ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2ནས་ཁྲི་10.3བར་མང་དུ་ཕྱིན་ཡོད། ལོ་སི་དུམ་བུར་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་4ནས་12བར་མང་དུ་ཕྱིན་པ་དང་། ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་720ནས་12808བར་མང་དུ་ཕྱིན་ཡོད། 2023ལོའི་ཟླ་4ཚེས་13ཉིན་ནས་བཟུང་། ཀྲུང་ལོའི་ལྕགས་ལམ་གྱིས་ཁུན་མིང་ནས་ཝན་ཐེན་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་འགོ་ཚུགས་པ་དང་ཁུན་མིང་ནས་ཝན་ཐེན་བར་ཉིན་དེ་རང་ལ་འབྱོར་ཐུབ་ཀྱི་ཡོད་པས། རྒྱལ་ཁབ་དང་ས་ཁུལ་87གྱི་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་15.5སྐྱེལ་འདྲེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།