དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཞིང་ཆེན་གཞན་དུ་གླ་པར་ཕྱིན་ན་འགྲིམ་འགྲུལ་ཁ་གསབ་སྒོར་1000རེ་འདུན་ཞུ་ཆོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-25

     ཟླ་3ཚེས་14ཉིན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གི་དབུལ་སྒྲོལ་མང་ཚོགས་ཀྲའོ་ཧུང་ཤིན་གྱིས“ཉིན་ཤས་གོང་གྲོང་ཚོའི་ཧྲུའུ་ཅི་དང་པོས་ཆེད་མངགས་ང་ལ་ཁ་པར་བརྒྱབ་ནས། ཞིང་ཆེན་གཞན་དུ་གླ་པ་རྒྱུག་པའི་འགྲིམ་འགྲུལ་ཁ་གསབ་རེ་འདུན་ཞུ་བའི་ཆ་རྐྱེན་ཚང་འདུག་ཅེས་བཤད་བྱུང་། དྲ་ཐོག་ནས་རེ་ཞུ་ཕུལ་ཏེ་ཡུན་རིང་མ་སོང་བར་ཁ་གསབ་དངུལ་སྒོར་1000དངུལ་ཁང་གཱ་ནང་བླུགས་འདུག་པས་ང་ཚོ་ཕྱིར་གླ་པར་འགྲོ་བའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད།

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། དབུལ་སྒྲོལ་ངལ་རྩོལ་པ་ལས་ཞུགས་གཞན་སྒྱུར་དང་ལས་ཞུགས་བརྟན་པོ་ཡོང་བར་སྔར་བས་སྐུལ་མ་གཏོང་ཆེད། ཞིང་ཆེན་མི་སྤྱི་ཐིང་དང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས་ལོ་འཁོར་གྱི་ཞིང་ཆེན་གཞན་དུ་གླ་པར་འགྲོ་མཁན་ལ་འགྲིམ་འགྲུལ་ཁ་གསབ་སྤྲོད་པའི་ལས་དོན་བཀོད་སྒྲིག་ཧུར་ཐག་བྱས་ནས་2024ལོའི་དབུལ་སྒྲོལ་མི་འབོར་ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་དོན་འཁྱོལ་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཞིང་ཆེན་གཞན་དུ་གླ་པར་ཕྱིན་ན་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་རེ་འདུན་ཞུ་ཆོག་པ་དང་ཁ་གསབ་དངུལ་གྲངས་མི་རེར་སྒོར་1000ཡིན་པ་རེད།

    ཡུལ་གཞན་དུ་གླ་པ་རྒྱུག་པའི་དབུལ་སྒྲོལ་མང་ཚོགས་ལ་དམིགས་ཏེ། ཞིང་ཆེན་མི་སྤྱི་ཐིང་གིས“དཔྱིད་རླུང་བྱ་སྤྱོད”སྤེལ་བའི་གོ་སྐབས་བཟང་པོ་དམ་འཛིན་གང་ལེགས་བྱས་ནས་ཁ་གསབ་སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་དབུལ་སྒྲོལ་མི་འབོར་དང་ལྟ་ཞིབ་ཚད་ལེན་རོགས་སྐྱོར་བྱ་ཡུལ་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།