དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-25

    འདི་ལོ་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་འགག་རྩའི་ལོ་ཞིག་རེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་སྤྱི་གླིང་འཛུགས་པའི་དོན་དངོས་ལ་གཞི་ཚུགས་པ་དང་། སྤྱི་གླིང་འཛུགས་པའི་དཀའ་གནད་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པ། སྤྱི་གླིང་འཛུགས་པའི་ས་ཆ་དངོས་ལ་ཚོད་སྐོར་དང་། ཚོད་ལྟའི་ཕན་འབྲས་སྲ་བརྟན་ཆེར་གཏོང་། འགལ་བ་དང་གནད་དོན་འདུམ་འགྲིག་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་རྨང་གཞིའི་ཐོག་གཏེར་འདོན་དབང་ཆ་ཕྱིར་འཐེན་གྱི་ཁ་གསབ་དང་། སྐྱེ་ཁམས་ཆེད་དུ་ཡུལ་མི་གནས་སྤོ། ཆུ་ཤུགས་གློག་ཁང་བཅོས་སྒྲིག་བཅས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་མངོན་མེད་རྐྱེན་ངན་ཚང་མ་ཡོངས་སུ་སེལ་ཐུབ་པ་བྱས་ཏེ་སྤྱི་གླིང་འཛུགས་པའི་ཆ་རྐྱེན་ཚང་མ་ཚད་གཞི་ལོན་པ་བྱས་ཡོད།

    ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཐོན་ཁུངས་དོ་དམ་སྲུང་སྐྱོང་དྲ་རྒྱ་དང་སྐོར་གཡེང་སྐོར་བཤེར་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་ཆེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་། གྲངས་གཞི་ཆེ་མོའི་ལྟེ་གནས། དམར་ཕྱིའི་པར་ཆས་ཀྱི་བརྟག་དཔྱད་སོགས་སྔོན་ཐོན་ལག་རྩལ་གྱི་བྱེད་ཐབས་བརྒྱུད་ཐོན་ཁུངས་ལ་ལྟ་འདོམས་བྱེད་པའི་ལས་ཕྱོད་ཆེ་རུ་བཏང་ཡོད། རྒྱུན་རྣམ་ཅན་གྱིས་ཀན་སུའུ་དང་མཚོ་སྔོན་གྱི་མཉམ་འབྲེལ་སྐོར་ཞིབ་ཁྲིམས་སྒྱུར་དང་། ཀྲོའུ་དང་རྫོང་མཉམ་འགུལ་སྐོར་ཞིབ། སྡེ་ཚན་མང་པོ་མཉམ་འབྲེལ་ཁྲིམས་སྒྱུར་བཅས་བྱས་ནས་མངོན་གསལ་དོད་པའི་གནད་དོན་འཕྲལ་བཤེར་འཕྲལ་བཅོས་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སླར་གསོའི་དམིགས་ཚད་གང་མགྱོགས་བཟོས་ནས་མདོ་ལ་རིང་མོའི་ཆུ་ནག་སྐྱེ་ཁམས་སྲུང་སྐྱོང་དང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ། བྱེ་འགྱུར་ས་ཞིང་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད། གསའ་སོགས་སྲོག་ཆགས་རིགས་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་པ་དང་གཅན་གཟན་གྱི་རིགས་ཆུང་གྲས་ལ་ཆེད་དོན་བརྟག་དཔྱད་བྱས་ཡོད།

    དེ་དང་དུས་མཚུངས《མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་དམིགས་བསལ་ཆོག་འཐུས་ཚོང་གཉེར་གྱི་སྤྱིའི་འཆར་འགོད》བཟོས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་སྡེ་ཁུལ་འཕེལ་རྒྱས་གསར་གཏོད་ཀྱི་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་བཏང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཞིབ་རྩིས་ལས་སྟེགས་དང་རྒྱལ་ཁབ་སྤྱི་གླིང་གི་གྲངས་གཞི་ཆེ་མོའི་ལས་སྟེགས་ཀྱི་ལག་རྩལ་སྦྲེལ་མཐུད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།