ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ།
འདི་ནི་དང་བླངས་པ་ཚོས་གད་སྙིགས་སྒྲུག་བཞིན་པ།
ཟླ་3ཚེས་22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”སྐབས་སོ་གཉིས་པ་དང་། ཟླ་3ཚེས་22ནས་ཚེས་28ཉིན་བར་ནི“ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་སོ་བདུན་པ་རེད། ཆུའི་ཐོན་ཁུངས་ལ་གཅེས་སྤྲས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཟླ་3ཚེས་22ཉིན། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གིས་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཆུ་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་གྱི་བྱ་སྤྱོད་དངོས་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་རེད།