དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་འདི་ཉིད་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་ཕྱོཊ་སུ་འཕེལ་རྒྱས་འགྲོ་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-24

     འདི་ནི་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་ཡིས་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གྲུ་ཚང་ཕྱི་རོལ་དུ་ལས་ཀ་བྱེད་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཧེ་ཡིས་པར་བརྒྱབ)

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་བར་སྣང་འཆར་གཞིར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཀྲུང་གོའི་ཕྱིའི་བར་སྣང་འཐབ་ཇུས་ནི་རྒྱུ་སྐར་ཆུང་ངུའི་ཐོག་ནས་གཏེར་ཁ་སྔོག་འདོན་དང་། སྲུང་སྐར་བཀོད་སྒྲིག སྲུང་སྐར་ཕྱོགས་སྟོན་མ་ལག་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད། 2023ལོར་ཀྲུང་གོས་འཇིག་རྟེན་འཕུར་གྲུ་འཕེན་གཏོང་གི་ལས་འགན་ཐེངས་67ལེགས་སྒྲུབ་བྱས་ནས་ཟིན་ཐོ་གསར་པ་བཏོད་ཡོད། 2021ལོར་མཁའ་འདྲི་ཨང་དང་པོའི་འཚོལ་ཞིབ་ཡོ་བྱད་སྐར་མ་མིག་དམར་སྟེང་བབས་ནས་ཀྲུང་གོའི་བར་སྣང་ས་ཚིགས་སའི་གོ་ལའི་འཁོར་ལམ་དང་སྦྲེལ་མཐུད་བྱུང་ཞིང་། མིག་སྔར་འཇིག་རྟེན་འཕུར་སྐྱོད་པ་མང་པོ་ཞིག་དེར་བཅའ་སྡོད་བྱས་པ། 2020ལོར་ཀྲུང་གོས་ཟླ་བའི་ལྷ་མོ་ཨང་ལྔ་པའི་ལས་འགན་བརྒྱུད་ཟླ་བའི་གོ་ལའི་མ་དཔེ་གྲུབ་འབྲས་ཐོབ་པའི་ངང་འཚོལ་བསྡུ་བྱས་ཡོད།

    ཉེ་ཆར། ཀྲུང་གོའི་ཞིབ་འཇུག་མི་སྣས་ཟླ་བའི་གོ་ལའི་སྟེང་རྟེན་གཞི་བསྐྲུན་རྒྱུའི་བསམ་ཚུལ་ཁྱབ་བསྒྲགས་བྱས་པ་རེད། རྟེན་གཞིའི་ནང་ས་འོག་འཚོ་བའི་ཁུལ་དང་། ཞིབ་འཇུག་ཚོད་ལྟ་ཁང་། དྲོད་ཁང་། ཁ་ལོ་བ་མེད་པའི་རླངས་འཁོར་རུ་ཁག འོད་ཤུགས་གློག་གཏོང་མ་ལག ཚེ་སྲོག་འགན་ལེན་མ་ལག་སོགས་ཚུད་ཡོད་པ་རེད། ཀྲུང་གོས་2030ལོའི་གོང་དུ་མི་བཞུགས་ཟླ་བའི་གོ་ལར་བསྐྱོད་རྒྱུ་མངོན་འགྱུར་དང་ཟླ་བའི་གོ་ལའི་སྟེང་ཚན་ཞིབ་ས་ཚིགས་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད།

    —— ཨ་རིའི《རྒྱལ་ཁབ་ཀྱི་ཁེ་ཕན》ཟླ་ཟུང་དུས་དེབ་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།