དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བ་ཚྭ་ཅན་གྱི་ས་ཞིང་ཞིང་ས་གཤིན་པོར་འགྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-24

     འདི་ནི་ནང་སོག་པཱ་ཡན་ནོར་གྲོང་ཁྱེར་ཝུའུ་ཡོན་རྫོང་གི་ཞིང་པས་གྲོ་འདེབས་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཡུན་ཕིང་གིས་པར་བརྒྱབ)

    ཀྲུང་གོའི་ནང་སོག་ཝུའུ་ཡོན་རྫོང་གིས་ཞིང་ལས་ལག་རྩལ་གསར་པ་ནང་འདྲེན་བྱས་ཏེ་འབྲུ་རིགས་ཐོན་འབོར་མང་དུ་གཏོང་བཞིན་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ས་རྒྱུ་རིག་པའི་རིགས་གཅིག་མཁས་ཅན་ལི་ཡུས་དབྱི་ཡིས་སྣེ་ཁྲིད་པའི་ཞིབ་འཇུག་དཔུང་ཁག་གིས་ལག་རྩལ་གསར་གཏོད་ལ་བརྟེན་ནས་བ་ཚྭ་ཅན་གྱི་ས་ཞིང་རྨོ་འདེབས་ཆོག་པའི་ཞིང་ཁར་བསྒྱུར་ཞིང་། ལག་རྩལ་གསར་གཏོད་དེས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་གསུམ་ཆ་གཅིག་ལྷག་ཙམ་མཐོ་རུ་ཕྱིན་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་འགན་ལེན་ཐུབ་རྒྱུ་མ་ཟད། ཐ་ན་གོ་ལ་ཧྲིལ་པོའི་ཞིང་ལས་ཀྱི་རྣམ་པར་ཡང་འགྱུར་ལྡོག་འགྲོ་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གྲངས་གཞིར་གཞིགས་ན། གོ་ལ་ཧྲིལ་པོའི་ས་ཆ་སྤྱི་ཆིང་དུང་ཕྱུར་8.33ལ་བ་ཚྭའི་ཤུགས་རྐྱེན་ཐེབས་ནས་སྐམ་སའི་རྒྱ་ཁྱོན་གྱི་9%ཙམ་བཟུང་བ་དང་། ཀྲུང་གོའི་ས་ཞིང་བ་ཚྭ་ཅན་གྱི་རྒྱ་ཁྱོན་འཛམ་གླིང་གི་ཨང་གསུམ་པར་སླེབས་པ། ཝུའུ་ཡོན་རྫོང་དུ་སྤྱི་ཆིང་བརྒྱ་ཕྲག་གི་ས་ཞིང་བ་ཚྭ་ཅན་དུ་འགྱུར་བའི་གནད་དོན་ཚབས་ཆེན་པོ་ཡོད། དུས་ཡུན་རིང་པོར་ཞིང་ཆུ་ཚད་ལས་བརྒལ་ཏེ་དྲངས་པས་ས་འོག་ཆུའི་ཆུ་ཁ་ཇེ་མཐོར་ཕྱིན་པ་དང་། ཚྭ་ཆུ་ཐོན་པ། ས་ཞིང་བ་ཚྭ་ཅན་དུ་འགྱུར་ཚབས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་ཚོགས་པས་ནང་སོག་དང་ཤིན་ཅང་སོགས་ས་ཁུལ་དུ་ས་རྒྱུར་ཞིབ་འཇུག་ལོ་བཅུ་ལྷག་ཙམ་བྱས་ནས་ས་རྒྱུ་སྲུང་སྐྱོང་གིས་ས་ཞིང་ལ་བ་ཚྭའི་ཤུགས་རྐྱེན་མི་ཐེབས་པར་བྱེད་པའི་ཐག་གཅོད་ཇུས་གཞི་གསར་གཏོད་ཀྱིས་བཏོན་ཞིང་། ཞིབ་འཇུག་ཚོགས་པའི་འབད་བརྩོན་འོག་ཝུའུ་ཡོན་རྫོང་གི་ས་རྒྱུའི་ཁྲོད་བ་ཚྭ་ཉུང་དུ་ཕྱིན་ནས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་གསུམ་ཆ་གཅིག་འཕར་ཡོད།

    —— ཨུ་རུ་སུའི་རང་མོས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།