དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལོའི་ལྕགས་ལམ་གྱིས་ལོ་སིའི“ཡུལ་སྐོར་ལོར”རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-24

     འདི་ནི་ཁུན་མིང་ལྷོ་ཚུགས་སུ་ཡུལ་སྐོར་བས་ཀྲུང་ལོའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ལ་བསྡད་དེ་ལོ་སིར་སྐྱོད་རྩིས་བྱེད་བཞིན་པ།

    ཀྲུང་ལོའི་ལྕགས་ལམ་གཉེར་སྐྱོང་བྱས་ནས་ལོ་གཉིས་ལྷག་ཙམ་ཕྱིན་ཏེ་དངོས་ཟོག་སྐྱེལ་འདྲེན་གྱི་དུས་ཚོད་ཐུང་དུ་ནུས་ལྡན་ཕྱིན་པ་དང་ཟོག་འདྲེན་མ་གནས་དམའ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག ཀྲུང་ལོའི་ལྕགས་ལམ་གྱིས་ཀྱང་ལོ་སིའི་ཡུལ་སྐོར་ལས་རིགས་ལ་ཕན་པ་བསྐྲུན་ཡོད། འཛམ་གླིང་དངུལ་ཁང་ལོ་སིའི་ཅིང་ལི་ཡ་ལི་ཧྲན་ཏ·ཁེ་ལེ་མོ་ཡིས་བརྗོད་དོན། གྲངས་གཞི་ལས་མངོན་པར། ཀྲུང་ལོའི་ལྕགས་ལམ་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་ལྷོ་བྱང་འགྲོ་འོང་གི་མེ་འཁོར་རིམ་བཞིན་མང་དུ་ཕྱིན་པ་དང་། འཁོར་སྒྲོམ་ཚང་མ་སྤྱིར་ན་ཁེངས་ཀྱི་ཡོད།

    ལོ་སི་སྲིད་གཞུང་གིས་2024ལོ་དེ“ལོ་སིའི་ཡུལ་སྐོར་ལོར”གཏན་འཁེལ་བྱས་ནས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་620ལྷག་ཙམ་གྱི་ཡིད་དབང་འགུག་ཐུབ་པའི་རེ་བ་བྱེད་ཅིང་། ཡུལ་སྐོར་དང་། ཞག་སྡོད། བཟའ་བཏུང་། ཉོ་སྒྲུབ་བཅས་ཀྱི་སྔོན་དཔག་ཡོང་འབབ་ཨ་སྒོར་དུང་ཕྱུར་13ཟིན་པ་བྱ་རྩིས་ཡོད། ཀྲུང་ལོའི་ལྕགས་ལམ་དེ་ཡུལ་སྐོར་བ་མང་པོ་ཞིག་གིས་ཉམས་ལེན་བྱེད་འདོད་ཆེན་པོ་བྱེད་པའི་ཡུལ་སྐོར་རྣམ་གྲངས་ཤིག་ལ་གྱུར་ཡོད། རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། ཀྲུང་ལོའི་མེ་འཁོར་ལ་སྡོད་པ་ནི་དར་སྲོལ་ཞིག་ཏུ་གྱུར་ཡོད། བརྟག་ཞིབ་ལས་མངོན་པར། ན་ནིང་ཐེ་ལན་ནས་ལོ་སིར་ཡུལ་སྐོར་ལ་འགྲོ་མཁན་ཡུལ་སྐོར་བ་མང་ཆེ་བས་ཀྲུང་ལོའི་མེ་འཁོར་ལ་སྡོད་པའི་རེ་བ་བྱེད་ཀྱི་ཡོད།

    ཀྲུང་གོ་ལྕགས་ལམ་ཚོགས་པས་2016ལོའི་ཟླ་12པར་ཀྲུང་ལོའི་ལྕགས་ལམ་སྐྲུན་འགོ་ཚུགས་ཡོད། རྣམ་གྲངས་འདི་བསྐྲུན་པར་ལོ་ལྔ་ལས་འགོར་མེད་པ་དང་། འཛུགས་སྐྲུན་མྱུར་ཚད་ལ་མི་རྣམས་ཀྱི་དོ་སྣང་ཐོབ་ནས་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་ཐེབས་པ་གསལ་པོར་མངོན་ཡོད་པ་རེད།

    —— སིང་ཀ་ཕོར་གྱི《ཚོང་ལས་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།