དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་གྱི་གློག་ཆས་ལས་རིགས་ལ་གསོན་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   ཝང་ཐེན་ཚུང་།   |     སྤེལ་དུས།  2024-03-24

    འདི་ནི་པར་ཙིར་གྱི་ཡ་མཱ་སུན་ཀྲོའུ་མཱ་ནའོ་སིར་ནས་པར་བླངས་པའི་TCLབརྙན་འཕྲིན་བཟོ་གྲྭ་ཡིན་པ། (མི་མེད་གནམ་གྲུས་པར་བླངས)

    འདི་ནི་པར་ཙིར་གྱི་ཡ་མཱ་སུན་ཀྲོའུ་མཱ་ནའོ་སིའི་TCLབརྙན་འཕྲིན་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དུ་ལས་མིས་ལས་ཀ་བྱེད་བཞིན་པ།

    འདི་ནི་ཐོན་སྐྱེད་སྒྲུབ་རིམ་དུ་ལས་མིས་ལས་ཀ་བྱེད་བཞིན་པ།

    འདི་ནི་པར་ཙིར་གྱི་ཡ་མཱ་སུན་ཀྲོའུ་མཱ་ནའོ་སིར་གནས་པའི་TCLབརྙན་འཕྲིན་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དུ་ལས་མིས་ལས་ཀ་བྱེད་བཞིན་པ།

    འདི་ནི་TCLབརྙན་འཕྲིན་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དུ་ལས་མིས་ལས་ཀ་བྱེད་བཞིན་པ།

    TCLཔར་ཙིར་ཀུང་སི(SEMP TCL)ནི་ཀྲུང་གོ་གློག་རྡུལ་ཐོན་རྫས་བཟོ་སྐྲུན་ཚོང་པ་TCLདང་པར་ཙིར་གྱི་ཀུང་སི་SEMPཡིས་བཙུགས་པའི་མ་རྩ་མཉམ་འཇོག་གི་ཁེ་ལས་ཤིག་རེད། ཀུང་སི་དེ་མཱ་ནའོ་སིའི་བརྙན་འཕྲིན་བཟོ་གྲྭར་གནས་ཤིང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.3ཟིན་པ་དང་། ས་གནས་དེ་གའི་ལས་མི་1000ལྷག་ཙམ་བསྡུས་ཡོད། བཟོ་གྲྭས་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་དོ་དམ་ཉམས་མྱོང་ལ་བརྟེན་ནས་ས་གནས་དེ་གའི་འཛད་སྤྱོད་པར་སྤུས་ལེགས་དང་གོང་ཚད་ཁེ་བའི་ཁྱིམ་སྤྱོད་གློག་ཆས་དེ་བས་མང་བ་གདམ་ག་བྱ་རྒྱུར་མཁོ་འདོན་བྱས་ནས་མཁོ་སྤྲོད་འཁོར་འབྲེལ་དང་། ཟོག་འགྲེམས། ཞབས་ཞུའི་ལས་རིགས་བཅས་སྤྱི་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་། ས་གནས་དེ་གའི་འབྲེལ་ཡོད་ཐོན་ལས་ཀྱི་ལག་རྩལ་རིམ་སྤོར་དང་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།