དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ལུགས་གསོ་རིག་སློབ་གྲྭར་ཁྱབ་གདལ་བཏང་ནས་ཀྲུང་ལུགས་གསོ་རིག་གི་སྙིང་བཅུད་ཕྲུ་གུ་ཚོའི་རྒྱུད་ལ་འཇགས་པར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-24

    ཟླ་3ཚེས་22ཉིན། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་བཞི་པས་ས་གནས་དེ་གའི་ཀྲུང་ལུགས་གསོ་རིག་གི་སྨན་ཁང་ཞིག་དང་མཉམ་དུ་ཀྲུང་ལུགས་གསོ་རིག་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད། ཀྲུང་ལུགས་གསོ་རིག་གི་སྨན་ངོ་གསལ་འབྱེད་དང་། སྨན་རྩྭ་རྒྱ་མར་འདེགས་སྟངས། དེ་བཞིན་རྩ་ལྟ་བ་དང་། གསང་མིག་འཕུར་མཉེད། སྨན་ཁུག་བཟོ་སྟངས། ཀྲུང་ལུགས་སྨན་རྩྭ་ཆུང་གྲས་འདེབས་སྟངས་སོགས་རང་སར་ཉམས་ལེན་བྱས་ནས་ཕྲུ་གུ་ཚོར་ཀྲུང་ལུགས་གསོ་རིག་གི་རིག་གནས་ལ་སློབ་སྦྱོང་དང་ཀྲུང་ལུགས་གསོ་རིག་གི་སྙིང་བཅུད་ཕྲུ་གུ་ཚོའི་རྒྱུད་ལ་འཇགས་ཐུབ་པར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། སློབ་གྲྭ་དེས་ཀྲུང་ལུགས་གསོ་རིག་སློབ་གྲྭར་ཁྱབ་གདལ་གཏོང་བར་སྣང་ཆེན་བྱས་ནས་ཀྲུང་ལུགས་གསོ་རིག་གི་དགའ་སྣང་ཚོགས་པ་འཛུགས་པ་དང་། ཀྲུང་ལུགས་གསོ་རིག་གི་སྨན་རྩྭ་ཆུང་གྲས་འདེབས་འཛུགས་བྱེད་ས་གཏོད་པ། ཀྲུང་ལུགས་གསོ་རིག་གི་འབྲེལ་ཡོད་སློབ་ཚན་འཚོགས་པ་བཅས་བྱས་ནས་ཀྲུང་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་ཕྲུ་གུ་ཚོའི་སེམས་ནང་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པར་བྱས་ཤིང་། འདི་ནི་ཚེས་22ཉིན་སློབ་མས་ཀྲུང་ལུགས་ཀྱི་སྨན་རྩྭ་རྒྱ་མར་འདེགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།