དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐུང་ལིང་འབྲི་ཆུའི་ནུས་པ་གསུམ་ལྡན་གྱི་ཟམ་ཆེན་གྱི་ཟམ་གདུང་ཕྱོགས་ཡོངས་ནས་སྒྲིག་སྦྱོར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-24

    ཟླ་3ཚེས་21ཉིན། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་ཀ་བ་ཡ་གཅིག་གི་དཔྱང་ཐབས་སྤྱད་དེ་ཐུང་ལིང་འབྲི་ཆུའི་ནུས་པ་གསུམ་ལྡན་གྱི་ཟམ་ཆེན་གྱི་བྱང་ངོགས་ཀྱི་ཏུན་1200ཟིན་པའི་བར་བརྒལ་གྱི་ཟམ་གདུང་ཐོག་མ་སྒྲིག་སྦྱོར་བདེ་བླག་ཟིན་པ་དེ་ཐོག་ནས་ཟམ་ཆེན་གྱི་བར་བརྒལ་གཙོ་བོའི་ཟམ་གདུང་ཕྱོགས་ཡོངས་ནས་སྒྲིག་སྦྱོར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད་པ་དང་། སྔོན་དཔག་ལྟར་ན་འདི་ལོའི་ཟླ་དྲུག་པའི་ཟླ་སྨད་དུ་ཟམ་ཆེན་སྦྲེལ་མཐུད་ཐུབ་རྒྱུ་རེད། ཐུང་ལིང་འབྲི་ཆུའི་ནུས་པ་གསུམ་ལྡན་གྱི་ཟམ་ཆེན་དེ་ནི་ད་ཡོད་ཀྱི་ཐུང་ལིང་འབྲི་ཆུའི་གཞུང་ལམ་ཟམ་ཆེན་སྟོད་རྒྱུད་ཀྱི་སྨི་720ཡི་སར་གནས་པ་དང་སྤྱིའི་རིང་ཚད་ལ་སྟོང་སྨི་11.88ཙམ་ཡོད། དེར“མྱུར་བགྲོད་གཞུང་ལམ་དང་། གྲོང་འབྲེལ་ལྕགས་ལམ། ཟོག་འདྲེན་ལྕགས་ལམ”བཅས་ཀྱི་གཙང་པོ་སྒྲོལ་བའི་ནུས་པ་རིགས་གསུམ་ལྡན་ཡོད། ཟམ་ཆེན་བསྐྲུན་ཟིན་རྗེས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། འབྲི་ཆུའི་ཟུར་གསུམ་གླིང་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཞིང་། འདི་ནི་ཟླ་3ཚེས་21ཉིན་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱི་ཨར་ལས་འཕྲུལ་ཆས་ཀྱིས་G3(པེ་ཅིང་ནས་ཐའེ་པེའི་མྱུར་བགྲོད་ལྕགས་ལམ)ཡི་ཐུང་ལིང་འབྲི་ཆུའི་ནུས་པ་གསུམ་ལྡན་གྱི་ཟམ་ཆེན་གྱི་བར་བརྒལ་ཟམ་གདུང་སྒྲིག་སྦྱོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།