དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་2024ལོའི་དྲ་ཐོག་འཛད་སྤྱོད་ཀྱི་ཆེད་དོན་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-24

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ནང་མཁོ་རྒྱ་ཆེར་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། 《མཚོ་སྔོན་ཞིང་ཆེན་གྱི་2024ལོའི་འཛད་སྤྱོད་ཀྱི་སྤུས་ཚད་ལེགས་སུ་དང་ཤོང་ཚད་ཆེ་རུ་གཏོང་བའི་བྱ་སྤྱོད་ཇུས་གཞིའི》སྤྱི་ཡོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། “ཡིད་དབང་འཕྲོག་པའི་ཟི་ལིང་། གྲོང་ཁྱེར་ཡོངས་སུ་ཚོང་ལས་དར”མཚོ་སྔོན་ཞིང་ཆེན་གྱི་2024ལོའི་དྲ་ཐོག་འཛད་སྤྱོད་ཀྱི་ཆེད་དོན་བྱེད་སྒོ་ཟླ་3ཚེས་16ཉིན་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་སོགས་ཚན་པས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུས་དང་འཁྱུག་དབྱིངས་འཚོ་བའི་ཞབས་ཞུས་སྒྲུབ་འགན་འཁུར་ཞིང་། དེའི་དམིགས་ཡུལ་ནི“རྒྱུག་འབོར+དྲ་ཐོག་འཛད་སྤྱོད”ཀྱི་རྣམ་པ་བརྒྱུད་ཚོང་དུད་སྟོང་ཕྲག་ཁ་ཤས་དང་མཉམ་འགུལ་བྱས་ནས། གྲོང་ཁྱེར་གྱི་བཀོད་པ་སྔོག་འདོན་གཏིང་ཟབ་བྱས་པ་དང་། “སྒོར་ཁྲི་བརྒྱའི་འཛད་སྤྱོད་འཛིན་ཤོག་སྤྲོད་པ”དང“ས་ཁོངས་ཧྲིལ་པོ་དྲིལ་བསྒྲགས་རྣམ་པ”སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་འཛད་སྤྱོད་ཀྱི་རྣམ་པ་གཏོད་པ་དང་། ཚོང་གཉེར་གྱི་རྣམ་པ་གཏོད་པ། འཛད་སྤྱོད་ཀྱི་གདེང་ཚོད་འཕེལ་བ་བཅས་བྱས་ཏེ། ཟི་ལིང་གི་བཟའ་བཏུང་སོགས་ཞབས་ཞུའི་ལས་རིགས་ཀྱི་ཚོང་པ་གྲངས་འཛིན་ཅན་དུ་བསྒྱུར་བར་སྔར་བས་སྐུལ་འདེད་བཏང་ནས། བདེ་སྐྱིད་ལྡན་པའི་ཟི་ལིང་གི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་དང་མཛེས་སྡུག་ལྡན་པའི་འཚོ་བ་ཕྱོགས་ཡོངས་ནས་མངོན་པར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།