དབུ་ཤོག
  • ཁྱེད་ཀྱིས་ཤེས་སམ།

    འཛམ་གླིང་ཆུའི་ཉིན་མོ། ཀྲུང་གོའི་ཆུའི་གཟའ་འཁོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-24

    ལོ་ལྟར་གྱི་ཟླ་3ཚེས་22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”ཡིན་པ་དང་དེའི་དམིགས་ཡུལ་ནི་སྤྱི་དམངས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། ལོ་ལྟར་གྱི“འཛམ་གླིང་ཆུའི་ཉིན་མོར”རྒྱལ་ཁབ་དང་ས་ཁུལ་ཁག་གིས“ཆུའི་ཐོན་ཁུངས”དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཁག་གཅིག་སྤེལ་ནས་སྤྱི་དམངས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་གཏོང་གི་ཡོད།

    1977ལོར་འཚོགས་པའི“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆུ་དོན་ཚོགས་འདུའི”ཐོག་འཛམ་གླིང་ཡོངས་ལ་ཆུ་དེ་ཉིད་མི་རིང་བར་སྤྱི་ཚོགས་ཀྱི་ཉམས་ཉེན་ཟབ་མོ་ཞིག་ཏུ་གྱུར་རྒྱུ་རེད། རྡོ་སྣུམ་གྱི་ཉམས་ཉེན་རྗེས་ལ་ཆུའི་ཉམས་ཉེན་རེད་ཅེས་ཐ་ཚིག་ནན་པོ་བསྒྲགས་ཡོད། 1993ལོའི་ཟླ་1ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཞེ་བདུན་པར་ལོ་ལྟར་གྱི་ཟླ་3ཚེས་22ཉིན་ནི“འཛམ་གླིང་ཆུའི་ཉིན་མོར”གཏན་འཁེལ་བྱས་ཡོད།

    1988ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་རྗེས་ཆུ་བེད་པུས་འཕྲལ་མར་ལོ་ལྟར་གྱི་ཟླ་7ཚེས་1ནས་7ཉིན་བར“ཀྲུང་གོའི་ཆུའི་གཟའ་འཁོར”ལ་གཏན་འཁེལ་བྱས་པ་དང་འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་གྱི་བརྗོད་དོན་དང་ནང་དོན་གཙོ་བོ་སྤྱིར་མཚུངས་པས་1994ལོ་ནས་བཟུང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དུས་ཚོད་དེ་ལོ་ལྟར་གྱི་ཟླ་3ཚེས་22ནས་28ཉིན་བར་གྱི་དུས་ཚོད་གཅིག་ནང་འཁེལ་བ་ལས་དྲིལ་བསྒྲགས་བྱེད་སྒོ“འཛམ་གླིང་གི་ཆུའི་ཉིན་མོའི”བརྗོད་དོན་དེ་བས་མངོན་གསལ་དོད་པར་གྱུར་ཡོད།

    2024ལོའི་ཟླ་3ཚེས་22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”སྐབས་སོ་གཉིས་པ་དེ་ཡིན་པ་དང་ཟླ་3ཚེས་22ནས་28ཉིན་བར་ནི“ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་སོ་བདུན་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2024ལོའི“འཛམ་གླིང་ཆུའི་ཉིན་མོའི”བརྗོད་དོན་གཙོ་བོ་ནི“ཆུ་བོར་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བ”ཞེས་པ་དེ་རེད།

    རང་རྒྱལ་གྱིས་2024ལོའི“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་བྱེད་སྒོར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོ་ནི“ཆུའི་ཐོན་ཁུངས་ཡག་པོ་སྤྱོད་རྒྱུར་ཞིབ་རྩིས་རྒྱག་མཁས་པོ་བྱེད་པ་དང་ཆུའི་ཐོན་ཁུངས་དོ་དམ་ནན་པོ་བྱེད་པ”དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།