དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་རིག་ལྡན་ནུས་གསོག་ཐོན་ལས་གླིང་ཐོག་མ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་20ཉིན། ཀྲེ་ཅང་ཧའེ་ཏེ་རིག་ལྡན་ནུས་རྒྱུ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་ཧའེ་ཏེ་རིག་ལྡན་ནུས་གསོག་ཐོན་ལས་གླིང་གི་རྣམ་གྲངས་ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་སྐྲུན་འགོ་ཚུགས་ཤིང་། རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་གྱི་ནུས་གསོག་སྒྲིག་ཆས་བཟོ་སྐྲུན་གྱིས་གཙོས་པའི་ཐོན་ལས་གླིང་ཐོག་མ་དེ་ཡིན་པ་དང་། རྣམ་གྲངས་དེ་ལས་གླིང་ཁུལ་གྱི་འོད་ཤུགས་དང་ནུས་གསོག་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་ཕྱིན་ནས་ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འགུལ་ནུས་གསར་པ་སྣོན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་32ལྷག་ཙམ་བཏང་བ་དང་། ས་ཁྱོན་སྤྱི་ཆིང་5.33ཟིན་ནས། ལོ་རེར་ཐོན་ཚད་20GWhཡི་ནུས་གསོག་གློག་རྫས་འཕྲུལ་སྒམ་སྒྲིག་སྦྱོར་གྱི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་རྒྱུ་ཡིན་ཞིང་། རྣམ་གྲངས་བསྐྲུན་ཟིན་རྗེས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་200ལྷག་ཙམ་དང་ལོ་རེའི་ཁྲལ་འབབ་སྒོར་དུང་ཕྱུར་6ལྷག་ཙམ་ཟིན་ནས་མི་1000ལས་ཞུགས་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད། རྣམ་གྲངས་དེ་དུས་ཐེངས་གསུམ་ལ་བགོས་ནས་བསྐྲུན་རྒྱུ་ཡིན་པའི་ནང་དུས་ཐེངས་དང་པོའི་6GWhལ་མ་དངུལ་སྒོར་དུང་ཕྱུར་3གཏོང་རྒྱུ་དང་། བསྐྲུན་ཟིན་རྗེས་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་40ཟིན་པ་དང་ཁྲལ་འབབ་སྒོར་དུང་ཕྱུར་ལས་བརྒལ་རྒྱུ་རེད།

    འདི་ལོ་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཅན་གསར་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་དང་མཉམ་འདྲེས་ཧུར་ཐག་བྱས་ནས། ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་དམིགས་པ་དང་། “འོད་ཤུགས་ཁྲོམ་གཞུང་གཅིག”གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཧའེ་ཏེ་རིག་ལྡན་ནུས་གསོག་ཐོན་ལས་གླིང་སོགས་རྣམ་གྲངས་གལ་ཆེན་སྣེ་ཁྲིད་དུ་བྱེད་པ། སྤུས་ལེགས་ཐོན་སྐྱེད་ནུས་ཤུགས་གསར་མའི“གསར་མ”དང“སྤུས་ཀར”སྟངས་འཛིན་ཡང་དག་བྱེད་པ། ཐོན་ལས་འཁོར་འབྲེལ་སྣུར་བསྲིང་དང་། ཁ་གསབ། ཤུགས་ཆེར་བཅས་གཏོང་བའི་རྣམ་གྲངས་གལ་ཆེན་ཁག་གཅིག་ནང་འདྲེན་དང་ལག་བསྟར། གླིང་ཁུལ་གྱི་འོད་ཤུགས་དང་ལིས་གློག་ནུས་གསོག་གི་གཙོ་ཁྲིད་ཐོན་ལས་ཆེན་པོ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ། ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་སྟངས་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་དེང་རབས་ཅན་གྱི་བཟོ་ལས་གླིང་ཁུལ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ཆེད་འགུལ་ནུས་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།