དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་རྔ་པ་ཧུང་ཡོན་རྫོང་གི་གཅིག་འབར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-23

    ཟླ་3ཚེས་20ཉིན། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་གིས་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པའི་ཟངས་དཀར་ནས་ལྷ་རྒྱལ་གླིང་ཝང་ཅ་ཀྲའེ་ལྟེ་བའི་བར་གྱི་སྤྱི་ལེ་48.5ཟིན་པའི་གཞུང་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་ནས་མཚོ་སྔོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་པོ་ཡིན་ཞིང་། ལམ་ཐིག་ཧྲིལ་པོའི་ས་བབ་མཐོ་ཚད་ཆ་སྙོམས་སྨི་3000ལྷག་ཙམ་ཟིན་གྱི་ཡོད། གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་མཚོ་སྔོན་བར་གྱི་ལམ་ཐིག་ཧྲིལ་པོར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད།

    འདི་ནི་སི་ཁྲོན་རྔ་པ་ཧུང་ཡོན་རྫོང་གི་གཅིག་འབར་མྱུར་བགྲོད་གཞུང་ལམ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།