དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་2024ལོའི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-23

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་དང་། སློབ་གྲྭའི་དགེ་སློབ། དཔུང་སྡེའི་དཔོན་དམག ཁེ་ལས་ཀྱི་ལས་བཟོ། སྐྱེ་ཁམས་ལས་གནས་ཀྱི་བདག་སྐྱོང་པ་བཅས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བློ་གྲོང་ཚོའི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་གཅིག་སྡུད་ཤིང་འཛུགས་ས་ཚིགས་སུ་འཛོམས་ནས་2024ལོའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཚང་མས་ངར་ཤུགས་ཆེན་པོས་སྡོང་ཕྲུག་འཛུགས་པ་དང་། ས་སྐྱོར་རྒྱག་པ། ས་གནོན་པ་སོགས་བྱས་ནས་ཕན་ཚུན་གཞོགས་འདེགས་ཡག་པོ་བྱས་ཤིང་། སྟོད་གོས་དམར་པོ་གྱོན་པའི་དང་བླངས་པ་དང་སློབ་གྲྭའི་དགེ་སློབ་ཚོས་ཆུ་ཟོམ་ཁྱེར་ནས་ཕར་འགྲོ་ཚུར་འོང་གིས་གསར་དུ་བཏབ་པའི་སྡོང་ཕྲུག་ལ་ཆུ་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ད་ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཤིང་སོན་སྣ་ཚོགས་རྐང་ཁྲི་8.5ལྷག་ཙམ་འདེབས་རྩིས་ཡོད་ཅིང་། སྔོ་འགྱུར་རྒྱ་ཁྱོན་མུའུ་500ཙམ་བྱེད་རྩིས་ཡོད་པ་རེད། ཤིང་རིགས་གཙོ་བོར་བོད་དང་སི་ཁྲོན་གྱི་སྦྱར་པ་དང་། རྒྱ་ཤུག ཚེར་ཅན་ཚོས་སེར་སྡོང་པོ་སོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།