སི་ཁྲོན་ཉག་ཆུར་དང་བླངས་ཞབས་ཞུར་བརྟེན་ནས་ནགས་ཚལ་གྱི་མེ་གསོད་མི་སྐྱོབ་ལ་རམ་འདེགས་བྱས་པ།
འདི་ནི་ཟླ་3ཚེས་19ཉིན། ཉག་ཆུ་རྫོང་མི་ཉག་ཐང་ཆེན་དུ་ས་གནས་དེ་གའི་དང་བླངས་པས་དངོས་ཟོག་དབོར་བཞིན་པ།
འདི་ནི་ཟླ་3ཚེས་19ཉིན། ཉག་ཆུ་རྫོང་མཁར་རིང་ཤང་དུ་ས་གནས་དེ་གའི་དང་བླངས་པས་རོགས་སྐྱོབ་མི་སྣར་དགོང་ཟས་གྲ་སྒྲིག་བྱེད་བཞིན་པ།
ཉིན་ཤས་བསྟུད་མར། སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་བརྒྱབ་པ་དང་རོགས་སྐྱོར་བྱས་པའི་དངོས་ཟོག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་གི་མི་ཉག་ཐང་ཆེན་དུ་གཅིག་སྡུད་བྱས་ཤིང་། ས་གནས་དེ་གའི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་འབྲོག་མང་ཚོགས་དང་། ལས་ཁུངས་ཀྱི་ལས་བྱེད་པ། ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་སོགས་500ཙམ་སྒྲིག་འཛུགས་བྱས་ཏེ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་དངོས་ཟོག་མེ་གསོད་མི་སྐྱོབ་ཀྱི་འཐབ་ས་དང་པོར་དབོར་བ་རེད།