དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ས་མཐོའི་ཆུ་གྲང་ཉ་མོ་མོང་གོལ་རྒྱལ་ཁབ་ཏུ་ཕྱིར་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “དེ་གོང་ང་ཚོའི་ཀུང་སིར་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་དང་ས་ཁུལ་མང་པོའི་ཚོང་ཟོག་ནང་འདྲེན་གྱི་ཆོག་འཐུས་ཐོབ་ཐང་ཐོབ་ནས་ཕྱི་རྒྱལ་གྱི་ཁྲོམ་ར་བརྟན་པོའི་ངང་གསར་འབྱེད་བྱེད་བཞིན་ཡོད། མིག་སྔར་ངེད་ཀུང་སིས་མོང་གོལ་རྒྱལ་ཁབ་ལ་ས་མཐོའི་ཆུ་གྲང་ཉ་ཕྱིར་གཏོང་བྱེད་འགོ་བཙུགས་པ་དང་། མོང་གོལ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱས་རྗེས། མོང་གོལ་རྒྱལ་ཁབ་ཀྱི་མཉམ་ལས་ཕྱོགས་ཀྱིས་ཉོ་ཆོག་པའི་གྲངས་འབོར་ཆེས་ཆེར་མང་དུ་འགྲོ་རྒྱུ་རེད། སླད་ཕྱིན་མཉམ་ལས་དེ་ང་ཚོའི་ཕྱིར་གཏོང་ལས་སྒོའི་བཀྲག་མདངས་འཚེར་ས་གཞན་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་མཚོ་སྔོན་མིན་ཙེ་ལུང་གཡང་འགག་སྐྱེ་ཁམས་བཟའ་བཅའ་ཚད་ཡོད་ཀུང་སིའི་ཕྱི་ཕྱོགས་ཚོང་དོན་གྱི་ཅིང་ལི་ཀྲང་ལེས་བརྗོད།

    ཟླ་2ཚེས་28ཉིན་མོང་གོལ་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་དང་ཕྱུགས་སྨན་ཅུས་ཀྱི་འཐུས་མི་ལས་གྲུབ་པའི་གཞུང་ཕྱོགས་ཞིབ་བཤེར་ཚོགས་ཆུང་གིས་མཚོ་སྔོན་མིན་ཙེ་ལུང་གཡང་འགག་སྐྱེ་ཁམས་བཟའ་བཅའ་ཚད་ཡོད་ཀུང་སིའི་ཉ་རིགས་གསོ་ཚགས་ར་བ་དང་ལས་སྣོན་འཁོར་ཁང་ལ་དཔྱད་དཔོག་བྱས་པ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་གཞུང་ཕྱོགས་ཀྱི་ཞིབ་དཔྱད་དང་ལེན་བྱེད་ཐེངས་དང་པོ་ཡིན་པ་རེད། ཟླ་3ཚེས་18ཉིན་མོང་གོལ་ཕྱོགས་ཀྱིས་མཚོ་སྔོན་མིན་ཙེ་ལུང་གཡང་འགག་སྐྱེ་ཁམས་བཟའ་བཅའ་ཚད་ཡོད་ཀུང་སིར་ཞིབ་བཤེར་བྱས་པ་བརྒྱུད། མོང་གོལ་རྒྱལ་ཁབ་ལ་ཆུ་ཐོན་ཐོན་རྫས་འབོར་ཆེན་ཕྱིར་གཏོང་ཆོག་པའི་ཆོག་མཆན་དངོས་སུ་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་ཆུ་གྲང་ཉ་མོ་་བདེ་བླག་ངང་མོང་གོལ་རྒྱལ་ཁབ་ཏུ་ཕྱིར་གཏོང་ཐུབ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།