དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་འཇོར་ཇི་ཡའི་དབར་གྱི་གཉིས་ཕན་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཤའོ་ཤིན་ཤིན།   |     སྤེལ་དུས།  2024-03-22

    E60མྱུར་བགྲོད་གཞུང་ལམ་ནི་འཇོར་ཇི་ཡའི་ཤར་ནུབ་དང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགྲིམ་འགྲུལ་མ་ལམ་འབྲེལ་མཐུད་བྱེད་པའི་འགག་རྩའི་རྒྱལ་སྤྱིའི་འགྲིམ་འགྲུལ་འབྲེལ་ཐག་ཅིག་རེད། མི་རིང་བའི་གོང་། ཀྲུང་གོའི་མ་འཇོག་ཁེ་ལས་མང་པོ་ཞིག་འཛུགས་སྐྲུན་ནང་ཞུགས་པའི་མྱུར་བགྲོད་གཞུང་ལམ་དེའི་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་ལམ་དུམ་ཤར་གཏོང་ཐུབ་པ་དང་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཕུག་ལམ་རྣམ་གྲངས་ལའང་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

    E60མྱུར་བགྲོད་གཞུང་ལམ་བསྐྲུན་པ་དེ་ནི་ཀྲུང་འཇོར་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱུན་མཐུད་གཏིང་ཟབ་བྱུང་བའི་མཚོན་བྱེད་ཙམ་ཞིག་རེད། མིག་སྔར་ཀྲུང་འཇོར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱོགས་གཉིས་པོའི་ཚོང་དོན་རྒྱུན་མཐུད་བརྟན་པོའི་ངང་འཕར་ཡོད། 2022ལོར་ཀྲུང་འཇོར་གྱི་ཚོང་དོན་དངུལ་འབོར་1992ལོར་ཕྱི་འབྲེལ་འཛུགས་སྐབས་ཀྱི་ཨ་སྒོར་ཁྲི་368ནས་ཨ་སྒོར་དུང་ཕྱུར་14བར་འཕར་བ་དང་། 2023ལོར་རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་20.49ཟིན་པ་དེ་དུས་མཚུངས་ལས་48.4%འཕར་ཡོད། འདི་ལོའི་ཟླ་དང་པོ་དང་གཉིས་པར་ཀྲུང་འཇོར་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་3.44ཙམ་ཟིན་པ་དེ་དུས་མཚུངས་ལས་16.8%འཕར་ཡོད། འཇོར་ཇི་ཡ་ནི་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་དུ་ཀྲུང་གོའི་རང་མོས་ཚོང་དོན་རོགས་ཟླའི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་ཀྲུང་གོ་འདི་ཉིད་ལོ་མང་བསྟུད་མར་འཇོར་ཇི་ཡའི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་དང་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་པར་གྱུར་ཡོད།

    ན་ནིང་ཟླ་9ཚེས་11ཉིན་འཇོར་ཇི་ཡས་ཚེས་11ཉིན་ནས་བཟུང་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། འཇོར་ཇི་ཡའི་ཙུང་ལི་གཞོན་པ་དང་པོ་དང་དཔལ་འབྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་པུའི་པུའུ་ཀྲང་གཅིག་ལྕོགས་ཏ་ཝེ་ཐཱ་ཧྲི་ཝེ་ལི་ཡིས་འཇོར་ཇི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་བཏང་ནས་འཇོར་ཀྲུང་རང་མོས་ཚོང་དོན་གྲོས་ཆོད་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་སྤྲོད་འདོད་ཡོད། ཀྲུང་གོའི་ཁེ་ལས་འཇོར་ཇི་ཡར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། འཇོར་ཇི་ཡས་དེའི་ཐད་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འཇོར་ཇི་ཡ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་རེད། 2015ལོར། ཀྲུང་འཇོར་རྒྱལ་ཁབ་གཉིས་པོས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད། 2023ལོའི་ཟླ་7པར་ཀྲུང་འཇོར་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པ་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་པ་རེད། ན་ནིང་ཟླ་11པའི་བར་ཀྲུང་གོས་རིམ་རྩིས་བརྒྱབ་ན་འཇོར་ཇི་ཡར་མ་འཇོག་ཨ་སྒོར་དུང་ཕྱུར་8ཙམ་བྱས་པ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་འཇོར་ཇི་ཡར་གཞུང་ལམ་སྤྱི་ལེ་300ལྷག་ཙམ་དང་ལྕགས་ལམ་སྤྱི་ལེ་40ལྷག་ཙམ་བསྐྲུན་པ། ཕྱོགས་གཉིས་པོས་ཐོན་ལས་གླིང་དང་། དཔལ་འབྱོར་ཚོང་དོན། ནུས་རྒྱུ། རྨང་གཞིའི་འཛུགས་སྐྲུན། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།