དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་ཀྲུང་ཚོང་དོན་ལས་རིགས་ཀྱིས་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ཐད་མཉམ་དུ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-22

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། པར་ཙིར་གྱི་ཕྱི་ཕྱོགས་ཚོང་དོན་ཚོང་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་དང་པར་ཙིར་དང་ཀྲུང་གོའི་དཔལ་འབྱོར་གསར་གཏོད་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་པར་ཙིར་དང་ཀྲུང་གོའི་རིག་ལྡན་གྲོང་ཁྱེར་གྱི་གླེང་སྟེགས་ལི་གཡོད་རེ་ནེ་ལུའུ་རུ་འཚོགས་པ་རེད།

    ཚོགས་ཞུགས་མི་སྣས་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ལ་དམིགས་ཏེ་མཉམ་ལས་གོ་སྐབས་ཐད་གྲོས་བསྡུར་བྱས་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་ཐོག་ནུས་རྒྱུ་གཙང་མ་དང་རིག་ལྡན་འགྲིམ་འགྲུལ་གཉིས་བརྗོད་དོན་གཙོ་བོར་བྱས་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། འབྱུང་འགྱུར་གྲོང་ཁྱེར་གྱི་འགྲིམ་འགྲུལ་སོགས་གྲོས་གཞིར་གྲོས་བསྡུར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད། པར་ཙིར་ཕྱི་ཕྱོགས་ཚོང་དོན་ཚོང་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥེ་ལེ་ལཱ་ཡིས་འབྱུང་འགྱུར་ལོ་འགའི་ནང་གྲོང་ཁྱེར་ཕྱོགས་སྒྱུར་ལ་འགྲན་སློང་མང་པོ་འཕྲད་རྒྱུ་རེད། དེར་བརྟེན“ད་ལྟ་གྲོས་བསྡུར་བྱེད་དགོས་པ་ནི་རིག་ལྡན་གྲོང་ཁྱེར་ལ་མཚན་ཉིད་ཇི་ལྟར་འཇོག་མིན་ཙམ་མ་ཡིན་པར་འབྱུང་འགྱུར་རིག་ལྡན་གྲོང་ཁྱེར་དེ་རྒྱུན་མཐུད་ཆོག་པ་ཞིག་ཡིན་སྲིད་པ་ཁ་གསལ་བཟོ་རྒྱུ་དང་དེ་བཞིན་རིག་ལྡན་གྲོང་ཁྱེར་ཇི་ལྟར་བསྐྲུན་རྒྱུ་དེ་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།