དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “དར་རྒྱས་ཀྱི་ཀྲུང་གོ་ཞིག་འཛམ་གླིང་གི་ཁེ་ཕན་དང་འཚམ་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཉིའུ་རུའེ་ཧྥེ།   |     སྤེལ་དུས།  2024-03-22

    “འདི་ལོའི་ཀྲུང་གོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཏོན་པ་དེ་དོན་དངོས་དང་ཧ་ཅང་འཚམས་ཡོད”ཉིན་ཤས་གོང་པེར་ཀྲེམ་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཏེ་ཝེ་ཐེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་ཆ་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདིང་གཞི་དེ་བས་བརྟན་པ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱང་གསར་གཏོད་དང་འབྱུང་འགྱུར་མཚོན་པའི་ལག་རྩལ་གསར་པ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བརྗོད།

    འདི་ལོའི་ཟླ་དང་པོར། ཏེ་ཝེ་ཐེ་ཡིས་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཐེ་ཁེ་ལུའོ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་ཡོད། “ཀྲུང་གོས་པེར་ཀྲེམ་དང་མཛའ་མཐུན་འབྲེལ་བ་བཙུགས་པར་མཐོང་ཆེན་བྱེད་ཀྱི་ཡོད་ལ་ང་ཚོར་སེམས་རྩ་འཁོལ་པོས་སྣེ་ལེན་ཡང་བྱས་བྱུང” ཏེ་ཝེ་ཐེ་ཡིས་ད་ཐེངས་ཀྱི་འཚམས་འདྲིར་གྲུབ་འབྲས་བཟང་པོ་ཐོབ་པ་དང་པེར་ཀྲུང་དབར་དཔལ་འབྱོར་ཚོང་དོན་དང་འབྲུ་རིགས་དང་ཞིང་ལས་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་ཡོད། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་པེར་ཀྲེམ་གྱིས་ད་ཐེངས་ཀྱི་འཚམས་འདྲི་བྱེད་རིང་ཀྲུང་གོ་ཕྱོགས་དང་ཡོ་རོབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་སྐོར་གྱི་གནད་དོན་མང་པོར་དཔྱད་བསྡུར་བྱས་ནས་ཕན་ཚུན་རྒྱུས་མངའ་ལོན་ཤུགས་ཆེ་རུ་བཏང་ཡོད། “པེར་ཀྲུང་གིས་དཔལ་འབྱོར་དང་། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཧུར་ཐག་གཞོལ་བ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཏེ་ཝེ་ཐེ་ཡི་ངོས་ནས་བརྗོད་ན། ཀྲུང་གོའི་ཁེ་ལས་དང་དཔལ་འབྱོར་ལ་གསོན་ཤུགས་ཆེན་པོ་ལྡན་ཞིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བས་པེར་ཀྲེམ་དང་ཧྥ་རན་སེ་སོགས་ཡོ་རོབ་རྒྱལ་ཁབ་ཏུ་བསྐྱོད་ནས། ཡུལ་དེའི་ཡུལ་སྐོར་ལས་རིགས་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

    ཏེ་ཝེ་ཐེ་ཡིས་ཕྱི་ཕྱོགས་སྒོ་དབྱེ་ལས་ཀྲུང་གོ་དེ་ཉིད་དེང་རབས་ཅན་གྱི་ཀྲུང་གོར་གྱུར་བ་དང་ཀྲུང་གོས་ཀྱང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མུ་མཐུད་རྒྱ་ཆེ་རུ་གཏོང་བཞིན་ཡོད། “ཀྲུང་གོའི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ཕྱི་རྒྱལ་བ་སྔར་བས་མང་བས་ཀྲུང་གོར་དོ་སྣང་བྱུང་སྟེ་ཀྲུང་གོར་ཡུལ་སྐོར་དང་། སློབ་སྦྱོང་། མ་འཇོག་བཅས་བྱེད་འདོད་བྱེད་ཀྱི་ཡོད། སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བཏང་བ་ལས་སྤེལ་རེས་དེ་བས་མང་བ་བྱས་པ་མཚོན་པ་དང་། སྤེལ་རེས་དེ་བས་མང་བ་བྱས་པ་ལས་བསམ་ཤེས་དང་མཉམ་ལས་དེ་བས་མང་བ་བྱས་པ་མཚོན་གྱི་ཡོད། དེ་ལས་ཀྲུང་གོ་དང་རྒྱལ་ཁབ་གཞན་ལ་སྤྱིར་བཏང་མིན་པའི་དགེ་མཚན་ལྡན་པའི་དོན་སྙིང་ལྡན་པ་མཚོན་གྱི་ཡོད་ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་པུ་རུ་སེར་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།