དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཏིང་སྐྱེས་རྫོང་ཨུད་དྲིལ་བསྒྲགས་པུས“གཤམ་སྤེལ་གསུམ”གྱི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    ཉིན་ཤས་གོང་། གཏིང་སྐྱེས་རྫོང་ཨུད་དྲིལ་བསྒྲགས་པུས(དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས)ཆབ་ཤང་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན། ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་ཁྱབ་གདལ་གཏོང”ཞེས་པའི“གཤམ་སྤེལ་གསུམ”གྱི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། སྒྲོག་འགྲེལ་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོཌ་འདུའི་དགོངས་དོན་སྒྲོག་འགྲེལ་བྱས་ནས། ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གཏིང་ཟབ་དང་། དོན་ཐོག་ཏུ་འཁྱོལ་བ། སེམས་སུ་ཟུག་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། གཏིང་སྐྱེས་རྫོང་སྒྱུ་རྩལ་ཚོཌ་པས་དེ་གར་ཡོད་པའི་མང་ཚོཌ་ལ་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་ལ་དུས་རབས་ཀྱི་འགྱུར་ཁུག་མི་ཉམས་པའི་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་ཤིང་། བྱེད་སྒོའི་ཐོག་ད་དུང་བོད་ལུགས་གསོ་རིག་གི་སྨན་པ་གདན་དྲངས་ཏེ་རིན་མེད་ངང་མང་ཚོགས་ལ་སྨན་བཅོས་བྱས་པ་དང་། སྨན་སྟེར་བ། བློ་འདྲི་དང་སྨན་པ་བསྟེན་པར་ཡོང་མཁན་མང་ཚོཌ་ཀྱི་བདེ་ཐང་སྐོར་གྱི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་པ། ཚན་རིག་དང་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་བ། རྒྱུན་མཐོང་ནད་རིགས་སྔོན་འགོག་ཚོད་འཛིན་ཐད་ཀྱི་མང་ཚོགས་ཀྱི་ངོས་འཛིན་ཟབ་ཏུ་བཏང་བ། མང་ཚོཌ་ཚོར་བདེ་ཐང་གི་འདུ་ཤེས་འཛུཌ་པ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་ཁྲིད་སྟོན་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།