མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས།
སྨན་བཅོས་རོགས་སྐྱོར“གཞན་རྟེན”ནས“རང་རྟེན”དུ་བསྒྱུར་བར་སྐུལ་འདེད་བཏང་བ།
2023ལོ་ཚུན་དུ། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རྒྱུན་མཐུད་སློབ་གསོའི་ལས་དོན་མུ་མཐུད་ལག་ལེན་བསྟར་བ་དང་། “གཞན་རྟེན”ནས“རང་རྟེན”དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་སྨན་ཁང་གི་སྨན་དོན་པའི་སྨན་བཅོས་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་བ་རེད།
མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས《སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ལོ་གསུམ་གྱི་ལས་དོན་འཆར་གཞི》བཟོས་ནས“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ལམ་སྲོལ་དོན་འཁྱོལ་བྱས་ཏེ་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་དང་ས་གནས་དེ་གའི་ལས་བཟོ་32དབར་ཆ་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག རྐང་འཛིན་སྨན་པ་བཀའ་བཅུ་པ་45ཧོ་པེ་དང་ཧྲའན་ཤིས་སོགས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་མངགས་པས། “ཉ་སྟེར་བ་དང་ཉ་འཛིན་སྟངས་སློབ་པའི”དམིགས་ཚད་མངོན་འགྱུར་བྱུང་བ་རེད།
དེ་དང་ཆབས་ཅིག སྨན་ཁང་ནང་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་འཆར་གཞི་བཟོས་ནས་སྨན་བཅོས་ནད་གཡོག་དང་། ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་། སྨན་ཁང་ཡོངས་ཀྱི་སློབ་ཚན་ཆེན་པོ་བཅས་གཉེར་བ་དང་། ས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཆེད་ལས་ལག་རྩལ་པའི་ནུས་པ་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཆེད་ལས་ལག་རྩལ་པ་226གི་རྒྱུན་མཐུད་སློབ་གསོ་ལེགས་སྒྲུབ་བྱས་པ་དང་། ཁོ་ཚོར་གསོ་སྦྱོང་སྣ་ཚོགས་ཐེངས་50སྒྲིག་འཛུགས་བྱས་པ་རེད།