དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དྲ་ཐོག་ཚོང་དོན་དར། གྲོང་གསེབ་དར་རྒྱས་མགྱོགས།

    —— ཉིང་ཁྲི་གྲོང་ཁྱེར་གྱིས“གྲོང་ཁྱེར་གྱི་ཚོང་ཟོག་གྲོང་གསེབ་ཏུ་འདྲེན་པ་དང་། གྲོང་གསེབ་ཀྱི་ཐོན་ཁུངས་གྲོང་ཁྱེར་དུ་འཚོང་བ། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བ། མྱུར་སྐྱེལ་བསྐུར་མ་དུད་ཚང་དུ་འབྱོར་བའི”རྣམ་པ་གཏོད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    ཉིང་ཁྲི་གྲོང་ཁྱེར་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་དེ་གོ་སྐབས་སུ་བྱས་ནས། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་དང་དེ་བཞིན་ཁུལ་ཧྲིལ་པོར་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་བའི་ལས་དོན་དམ་འཛིན་བྱ་གཞིར་བྱས་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”བསལ་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་དང་རྫོང་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་7དང་། ཤང་རིམ་པའི་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ས་ཚིགས་52 གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ས་ཚིགས་130བཅས་བཙུགས་པ་དང་། 2023ལོར་གྲོང་ཁྱེར་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྱི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་3500ཟིན་པ། “གྲོང་ཁྱེར་གྱི་ཚོང་ཟོག་གྲོང་གསེབ་ཏུ་འདྲེན་པ་དང་། གྲོང་གསེབ་ཀྱི་ཐོན་ཁུངས་གྲོང་ཁྱེར་དུ་འཚོང་བ། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བ། མྱུར་སྐྱེལ་བསྐུར་མ་དུད་ཚང་དུ་འབྱོར་བའི”རྣམ་པ་རགས་ཙམ་ཆགས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    རྟེན་གཞི་བཙུགས་ནས་འཁོར་རྒྱུག་ལམ་བུ་ཤར་གཏོང་ཐུབ་པ།

    འཁོར་རྒྱུག་གི་རྨང་གཞི་བརྟན་དུ་བཏང་ཞིང་། གྲངས་འཛིན་དམངས་ཕན་ཞབས་ཞུ་དང་། གྲོང་གསེབ་ཀྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་། གྲོང་གསེབ་བཅོས་སྐྱོང་གྲངས་འཛིན་ཅན། རིག་ལྡན་ཞིང་ལས་འཛུགས་སྐྲུན་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ལ་ཁྱབ་པའི་གློག་རྡུལ་སྲིད་དོན་གྱི་དྲ་རྒྱའི་མ་ལག་ཅིག་ཆགས་པར་ཤར་གཏོང་ཐུབ་ཚད་99%ཟིན་ཡོད་པ་རེད།

    འཁོར་རྒྱུག་དྲ་བ་འཐུས་སྒོ་ཚང་དུ་བཏང་ཞིང་། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་ཏེ། རྫོང་ཁོངས་ཀྱི་ཚོང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་གྲོང་གསེབ་ཀྱི་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྫོང་5ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་མ་འཇོག་བསྡོམས་འབོར་གྱི་92%ལེགས་སྒྲུབ་བྱས་ཡོད་པ་རེད།

    འཁོར་རྒྱུག་རྟེན་གཞི་བཙུགས་ཤིང་། 2023ལོའི་ཟླ་8པར་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྔོན་བཀོད་རིག་ནུས་མཛོད་ཐོག་མ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཅིང་ཏུང་ཟོག་འགྲེམས་ཀྱིས་རང་བརྟེན་ཞིབ་བཟོ་བྱས་པའི“ཏི་ལང”འཕྲུལ་མིས་ཚོང་ཟོག་འབྱོར་མ་ཐག་མིས་འདེམས་པའི་མ་ལག་སྤྱད་དེ། ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཐག་ཉེ་སའི་མཛོད་དུ་བཅུག་ནས་བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཚོང་བར་བགྲོད་ལམ་བཏོད་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་ཁྱོན་ཟོག་འགྲེམས་མཛོད་ཉར་ཁེ་ལས་སམ་ཡང་ན་རྣམ་གྲངས་5དང་། དམངས་གཉེར་མྱུར་སྐྱེལ་ཁེ་ལས་9 མྱུར་སྐྱེལ་དྲ་ཚིགས་66(ཡན་ལག་སྒྲིག་གཞི་29དང་མཇུག་སྣེའི་དྲ་ཚིགས་37)བཅས་ཡོད་པ་རེད།

    ལས་སྟེགས་བསྐྲུན་ནས་འཁོར་རྒྱུག་ཐབས་ལམ་འབྲེལ་མཐུད་བྱས་པ།

    ཡུན་རིང་གི་ཕུགས་འདུན་གྲོང་རྡལ་ཆུང་ངུར་བརྟེན་ནས“དྲ་ཐོག་ཚོང་དོན། འཛད་སྤྱོད་རོགས་སྐྱོར་གྱི་ཁྲོམ་གཞུང”བཏོད་དེ་ཁྲོམ་གཞུང་དུ་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་བཙུགས་ནས། དྲ་ཕྱིའི་ཉམས་ལེན་ཚོང་ཁང་31བསྡུ་སྒྲིལ་དང་ཚོང་དུད་29ཞུགས་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་170ལྷག་ཙམ་ཕྱིར་ཚོང་བྱས་པ་དང་། རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་2021ལོའི་འཛད་སྤྱོད་རོགས་སྐྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་མཚོན་གྱི་མིང་ཐོའི་ནང་བདམས་པ་རེད།

    ཅིང་ཏུང་ཚོང་གྲོང་གི“ཀྲུང་གོའི་ཁྱད་ལྡན་ཐོན་རྫས·ཉིང་ཁྲིའི་ཚོང་ཁང”ལ་བརྟེན་ནས་གངས་ལྗོངས་ཇ་ཡི་ལུང་པ་དང་། ཞིང་ས་གཤིན་པོའི་བོད་ཕག ཁྲི་གདུགས་ཉི་མ་སོགས་སྤུས་རྟགས་ཁེ་ལས་15ཞུགས་ཏེ་ཉིང་ཁྲིའི་ཞིང་ལས་ཐོན་རྫས་སྣ་ཁ་80ལྷག་ཙམ་བཙོངས་ཡོད། 2023ལོ་ཧྲིལ་པོར་དྲ་ཐོག་ཚོང་ཁང་ལ་ཡོང་མཁན་མི་ཐེངས་ཁྲི་15ལྷག་ཙམ་ཟིན་པ་དང་དྲ་ཐོག་ཚོང་ཁང་དུ་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་32.3ཟིན་ཡོད་པ་རེད།

    སྦྲག་སྲིད་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས“མཁའ་དབྱིངས་ཀྱི་བོད་ལྗོངས། སྤྲིན་གསེབ་ཀྱི་ཁམ་བུའི་གླིང”གི་གྲོང་གསེབ་དར་རྒྱས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་དང་སྤྲོ་སྣང་ལྡན་པའི་སྦྲག་སྲིད་ལས་སྟེགས་ཀྱི“ཉིང་ཁྲིའི་གྲོང་གསེབ་དར་རྒྱས་སྦྲག་ཁང”སོགས་བཏོད་དེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་དྲ་ཐོག་ཏུ་ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཁ་60ལྷག་ཙམ་བྲིན་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་722རག་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཁ་ཁྲི་14.2སྐུར་སྐྱེལ་བྱས་ནས་ས་གནས་དེ་གའི་ཞིང་དུད་དང་ཁེ་ལས་ལ་འབབ་འཕར་སྒོར་ཁྲི་2000ལྷག་ཙམ་བྱུང་བ། “རྟེན་གཞི་དང་། མཉམ་ལས་ཁང་། དངུལ་རྩ། སྐུར་སྐྱེལ། དྲ་ཐོག་ཚོང་དོན”བཅས་ཀྱི་ཞིང་ཕན་མཉམ་ལས་ཀྱི་རྣམ་པ་གསར་སྤེལ་བྱས་ནས་མེ་ཏོག་གི་རྡོ་ཁོག་དང་། སྡོང་ཕུང་། བེ་ཤ་སོས་པ་སོགས་སྐུར་སྐྱེལ་གྱི་ཞིང་ཕན་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་ནས། 2023ལོར་ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཏུན་758སྐུར་སྐྱེལ་བྱས་པར་རིན་ཐང་སྒོར་དུང་ཕྱུར་3.4ལྷག་ཙམ་ཟིན་ཡོད་པ་རེད།

    བྲིན་ཚོང་ལ་དམ་འཛིན་བྱས་ནས་འཁོར་རྒྱུག་མ་ལག་བསྐྲུན་པ།

    སྲིད་ཇུས་ལ་བརྟེན་ནས་བྲིན་ཚོང་ལ་དམ་འཛིན་བྱས་ཤིང་། རྫོང(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་གྲོང་ཚོར་ཁྱབ་པའི་ཁ་གསབ་སྲིད་ཇུས་བཏོན་པ་མ་ཟད། རྫོང་རིམ་པའི་སྦྲག་སྲིད་ཡན་ལག་ཀུང་སི་དང《མྱུར་སྐྱེལ་གྲོང་ཚོར་སྐྱེལ་བའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་ནས་ལས་སྒོས་གཞི་རིམ་དུ་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་ཤེས་ལྡན་པ་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་ལ་ཞུགས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་བརྙན་ཐུང་དང་ཐད་གཏོང་ཟོག་ཚོང་གི་རྩལ་ནུས་སོགས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཏེ། གཉེར་སྐྱོང་གི་མཐོང་རྒྱ་དང་ཚོང་གཉེར་གྱི་བསམ་ཕྱོགས་རྒྱ་ཆེར་བཏང་ཡོད། མིག་སྔའི་བར་ཞིང་འབྲོག་པའི་དྲ་ཐོག་ཚོང་དོན་གྱི་ཤེས་བྱ་གསོ་སྦྱོང་ཐེངས་145བྱས་པ་དང་། ཞིང་འབྲོག་པ་མི་ཐེངས་ཁྲི་1.02ལྷག་ཙམ་ལ་གསོ་སྦྱོང་བྱས་པ། དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་པ་150ལ་གསོ་སྦྱོང་བྱས་ཡོད་པ་རེད།

    ཁེ་ལས་དབར་མཉམ་ལས་ལ་བརྟེན་ནས་བྲིན་ཚོང་ལ་དམ་འཛིན་བྱས་ཤིང་། རྫོང་རིམ་པའི་སྦྲག་སྲིད་ཀུང་སི་ཁག་གིས་ཀྲུང་ཐུང་དང་། ཡོན་ཐུང་། ཧྲེན་ཐུང་། ཡུན་ཏ་སོགས་དམངས་གཉེར་མྱུར་སྐྱེལ་ཁེ་ལས་8དང“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”ཀྱི་འབྲེལ་བ་བཙུགས་ཏེ། དངོས་ཟོག་ཚང་མ་གྲོང་ཚོར་སྐྱེལ་ཐུབ་ནས་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད་100%ཟིན་ཡོད། སྦྲག་སྲིད་དང་ཧྲུན་ཧྥུང་མཉམ་ལས་བྱས་ནས་ཁྲོམ་རའི་ཉོ་ཚོང་ལས་སྟེགས་བཏོད་དེ་2023ལོར་བེ་ཤ་སོས་པ་ཏུན་152སྐུར་སྐྱེལ་བྱས་པར་རིན་ཐང་སྒོར་དུང་ཕྱུར་1.2ལྷག་ཙམ་ཟིན་པ་དང་། ཞིང་འབྲོག་ཁུལ་གྱི་སྐུར་སྐྱེལ་ཟོག་འགྲེམས་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་ལས་ཕྱོད་གཉིས་ཀ་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་ཐོན་ལས“དར་བ”དང་། ཁྱད་ལྡན་ཞིང་ལས་ཐོན་རྫས“མང་བ” ཞིང་འབྲོག་ལས་ཀྱི་དཔལ་འབྱོར“འཕར་བ”བཅས་དངོས་འབྲེལ་ཐུབ་པ་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།