དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧང་སར་ལྕགས་ལམ་སར་པི་ཡའི་ས་ཁོངས་ཀྱི་པེར་ནུའོ་དུམ་བུ་བདེ་འཇགས་དང་བརྟན་པོའི་ངང་གཉེར་སྐྱོང་བྱས་ནས་ལོ་གཉིས་འཁོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-21

    འདི་ནི་2024ལོའི་ཟླ་3ཚེས་17ཉིན་ཡུལ་སྐོར་བ་ཧང་སར་ལྕགས་ལམ་སར་པི་ཡའི་ས་ཁོངས་ནང་གི་པེར་ནུའོ་མེ་འཁོར་ལ་བསྡད་དེ་ནུའོ་ཝེ་ས་ཏེ་ནས་པེར་ཀེ་ལེ་ཏེར་སྐྱོད་བཞིན་པ།

    གསར་འགོད་པས་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་3ཚེས་19ཉིན་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཏེ། ཧང་སར་ལྕགས་ལམ་སར་པི་ཡའི་ས་ཁོངས་ཀྱི་པེར་ནུའོ་དུམ་བུ(པེར་ཀེ་ལེ་ཏེ་ནས་ནུའོ་ཝེ་ས་ཏེ་བར)བདེ་འཇགས་དང་བརྟན་པོའི་ངང་གཉེར་སྐྱོང་བྱས་ནས་ལོ་གཉིས་སོང་ཞིང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་683ལྷག་ཙམ་སྐྱེལ་འདྲེན་བྱས་པ་རེད། ནུའོ་སུའུ་དུམ་བུའི(ནུའོ་ཝེ་ས་ཏེ་ནས་སུའུ་པོ་ཏི་ཁྲ་དང་ཧང་སར་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བར)ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བས་ལོ་མཇུག་གོང་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།