དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་ཡན་ཐའེ་རུ“ཡན་ཐའེ་ནས་པར་ཙིར”བར་གྱི་ དངོས་ཟོག་བསྲེས་མའི་མཚོ་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-21

    འདི་ནི་ཟླ་3ཚེས་19ཉིན་ཧྲན་ཏུང་ཡན་ཐའེ་གྲུ་ཁར་དཔྱང་འདེགས་འཕྲུལ་འཁོར་གྱིས་པར་ཙིར་དུ་ཕྱིར་གཏོང་བྱེད་པའི་རྐོ་འདྲུའི་འཕྲུལ་འཁོར་ཞིག“ཡན་ཐའེ་ནས་པར་ཙིར”བར་གྱི་དངོས་ཟོག་བསྲེས་མའི་དུས་གཏན་གྲུ་གཟིངས་ནང་བླུགས་བཞིན་པ།

    2024ལོའི་ཟླ་3ཚེས་19ཉིན་གྱི་དགོང་མོ་ལས་གྲྭའི་འཕྲུལ་ཆས་དང་འཛུགས་སྐྲུན་རྒྱུ་ཆ་བླུགས་པའི“ཧྲི་ལུང་ལིན”རྟགས་ཅན་གྱི་གྲུ་གཟིངས་ཧྲན་ཏུང་ཡན་ཐའེ་གྲུ་ཁ་ནས་པར་ཙིར་གྱི་ཝི་ཐོ་ལི་ཡ་གྲུ་ཁར་ཐོན་པ་དང་བསྟུན་ནས“ཡན་ཐའེ་ནས་པར་ཙིར”བར་གྱི་དངོས་ཟོག་བསྲེས་མའི་མཚོ་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད། མིག་སྔར་ཡན་ཐའེ་གྲུ་ཁའི་ཚོང་ཟོག་བསྲེས་མའི་རྒྱལ་སྤྱིའི་མཚོ་ལམ་23བར་མང་དུ་ཕྱིན་ནས་ཀྲུང་གོའི་བྱང་ཕྱོགས་ཀྱི་དངོས་ཟོག་བསྲེས་མའི་ཟོག་འགྲེམས་ལྟེ་བའི་གྲུ་ཁ་ཞིག་ཏུ་གྱུར་ཡོད། དངོས་ཟོག་སྐྱེལ་འདྲེན་གྱི་གྲས་སུ་རླུང་གློག་སྒྲིག་ཆས་དང་། འཕྲུལ་ཆས་བཟོ་སྐྲུན་རྒྱུ་ཆ། ལས་གྲྭའི་རླངས་འཁོར་སོགས་རིགས་200ལྷག་ཙམ་ཚུད་ཡོད་པས“ཀྲུང་གོའི་བཟོ་སྐྲུན”གོ་ལ་ཧྲིལ་པོའི་ཁྲོམ་རར་ཤར་གཏོང་ཐུབ་པར་མཚོ་ཐོག་གི་བགྲོད་ལམ་མཁོ་འདོན་བྱས་ཡོད་ལ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འབྲེལ་ཟམ་དང་འབྲེལ་ཐག་ཅིག་ཏུའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།