དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོའི་ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་དམངས་ཁྲོད་མ་འཇོག་འཕར་ཚད་ལྡོག་འཕར་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཁོག་སྙོམས་སྒྲིག་སྲིད་ཇུས་ཁག་རྒྱུན་མཐུད་དོན་འཁྱོལ་གྱིས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཆབས་ཅིག རང་རྒྱལ་གྱི་དམངས་ཁྲོད་མ་འཇོག་འཕར་ཚད་ལྡོག་འཕར་བྱུང་ཡོད། ཉིན་ཤས་གོང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་དམངས་ཁྲོད་མ་འཇོག་དུས་མཚུངས་ལས་0.4%འཕར་བ་དང་2023ལོའི་ལོ་ཧྲིལ་པོར་0.4%ཆག་ཡོད་པ་རེད།

    ཟླ་དང་པོ་དང་གཉིས་པར་གློག་ཤུགས་དང་། ཚ་ནུས། སོལ་རླངས། ཆུ་བཅས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས། གཏེར་འདོན་ལས་རིགས། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་བཅས་ཀྱི་དམངས་ཁྲོད་མ་འཇོག་མགྱོགས་མྱུར་འཕར་ནས་དུས་མཚུངས་ལས་30.1%དང་། 20.5% 14.8% 14.0%བཅས་སོ་སོར་འཕར་ཡོད་པ་རེད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་དང་པོ་དང་གཉིས་པར་དམངས་ཁྲོད་མ་འཇོག་གིས་མ་དངུལ་འཇོག་གྲངས་ཡོངས་ཀྱི་བསྡུར་ཚད་བཟུང་ཚད་52.6%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.2འཕར་བ་དང་། དམངས་ཁྲོད་རྣམ་གྲངས་ལ་མ་འཇོག་བྱེད་ཚད(ས་ཁང་བདག་ཁོངས་གསར་སྤེལ་གྱི་དམངས་ཁྲོད་མ་འཇོག་ཕུད)དུས་མཚུངས་ལས་7.6%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།