དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་2023ལོའི་ལོ་འཁོར་གྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་སྙན་དཔོད་དང་ཞིབ་མཆན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ།

    ཆེད་ལས་གསར་པ་24དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་ནང་བཅུག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-21

    འདི་ག་ཚགས་པར་གྱི་གསར་འགོད་པ། ཏིང་ཡ་སུང་།

    ཉིན་ཤས་གོང་སློབ་གསོ་པུས་2023ལོའི་ལོ་འཁོར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་སྙན་དཔོད་དང་ཞིབ་མཆན་གྱི་འབྲས་བུ་ཁྱབ་བསྒྲགས་བྱས་ཤིང་། ཆེད་ལས་སྙན་དཔོད་ས་ཚིགས་1456དང་ཆེད་ལས་ཞིབ་མཆན་ས་ཚིགས་217(རྒྱལ་ཁབ་ཀྱི་ཚོད་འཛིན་བཀོད་སྒྲིག་ས་ཚིགས་ཀྱི་ཆེད་ལས་160དང་དཀར་ཆག་ཕུད་པའི་ཆེད་ལས་གསར་པ་57ཚུད་པ)གསར་དུ་བསྣན་པ་དང་། སློབ་གནས་སྤྲོད་པའི་རིགས་སམ་ཡང་ན་སློབ་སྦྱོང་ལོ་ཚད་ཀྱི་ཆེད་ལས་ས་ཚིགས་46ལེགས་སྒྲིག་བྱས་ཡོད། ད་ཐེངས་སྙན་དཔོད་དང་། ཞིབ་མཆན། ལེགས་སྒྲིག་བཅས་བྱས་པའི་ཆེད་ལས་དག་འབྲེལ་ཡོད་མཐོ་སློབ་ཀྱི་2024ལོའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་འཆར་གཞིར་འཇུག་རྒྱུ་ཡིན་པ་རེད།

    “ཆེད་ལས་སྙན་དཔོད་དང་ཞིབ་མཆན་གྱི་ལས་དོན་ནི་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་གི་ལོ་འཁོར་གྱི་རྒྱུན་གཏན་ལས་དོན་སྟབས་བསྟུན་ལེགས་སྒྲིག་བྱེད་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པ་དང་དགོས་གལ་ཆེ་ལ་དཀོན་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སློབ་གསོའི་འདེགས་སྐྱོར་ནུས་པ་དང་ལེགས་སྐྱེས་འབུལ་ནུས་མུ་མཐུད་ཆེ་རུ་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཀྱང་རེད”ཅེས་སློབ་གསོ་པུའི་མཐོ་རིམ་སློབ་གསོ་སིའི་འགན་འཁུར་བས་བརྗོད།

    ད་ཐེངས་ཀྱི་ཆེད་ལས་ཁ་སྣོན་དང་། ཕྱིར་འཐེན། ལེགས་སྒྲིག་བཅས་ཁྱོན་ཆེད་ལས་ས་ཚིགས་3389དང་འབྲེལ་བ་ཡོད་པ་དང་གྲངས་འབོར་ནི་ལོ་ལྟར་གྱི་མང་ཤོས་ཡིན་པ་རེད། “ཆེད་ལས་1673གསར་དུ་བསྣན་པ་དང་ཆེད་ལས་1670ཕྱིར་འཐེན་བྱས་པས་གྲངས་འབོར་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཡོད” སློབ་གསོ་པུའི་མཐོ་རིམ་སློབ་གསོ་སིའི་འགན་འཁུར་བས་བཟོ་སྐྲུན་རིག་པ་དང་། སློབ་གསོ་རིག་པ། དཔལ་འབྱོར་རིག་པ་སོགས་རིག་ཚན་རིགས་ཀྱི་ཆེད་ལས་ས་ཚིགས་ཀྱི་གྲངས་འབོར་མང་དུ་ཕྱིན་ནས་ཨང་དང་པོ་ནས་ཨང་གསུམ་པར་སླེབས་པ་དང་། དོ་དམ་རིག་པ་དང་སྒྱུ་རྩལ་རིག་པ་སོགས་རིག་ཚན་རིགས་ཀྱི་ཆེད་ལས་ས་ཚིགས་ཀྱི་གྲངས་འབོར་ལྟོས་བཅས་ཀྱིས་ཉུང་དུ་ཕྱིན་ཡོད། རིག་ཚན་ནས་བལྟས་ན། བཟོ་སྐྲུན་རིག་པ་དང་འབྲེལ་བའི་ཆེད་ལས་ས་ཚིགས་ཀྱི་གྲངས་འབོར་མང་ཤོས་ཡིན་པ་དང་1322ཡོད་པ་དེས་39%བཟུང་བ་དང་། ས་ཁོངས་བཀོད་སྒྲིག་ལ་བལྟས་ན། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་དང་འབྲེལ་བ་ཡོད་པའི་ཆེད་ལས་ས་ཚིགས་1802ཡོད་པ་དེས་53.17%བཟུང་ཡོད། སྤྱི་ཡོངས་ནས་བཤད་ན་ཆེད་ལས་ཀྱི་གྲུབ་ཆ་དང་ས་ཁོངས་ཀྱི་ཁྱབ་ཚུལ་སྔར་བས་ལེགས་སུ་ཕྱིན་ནས་མཐོ་སློབ་ཀྱི་ཆེད་ལས་བཀོད་སྒྲིག་ཐད་སྟངས་འཛིན་སྔར་བས་ལེགས་པ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ལེགས་སྒྲིག་ཁྲོད་ཆེད་ལས་གསར་པ་24དངོས་སུ་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་ནང་བཅུག་པ་དང་དེའི་ནང་གློག་རྡུལ་ཆ་འཕྲིན་རྒྱུ་ཆ་དང་། དངོས་རྫས་མཉེན་རིགས་ཀྱི་ཚན་རིག་དང་བཟོ་སྐྲུན། ཤུགས་ཚད་ཆེ་བའི་གློག་འདྲེན་ཕྱེད་གཟུགས་ཚན་རིག་དང་བཟོ་སྐྲུན། སྐྱེ་དངོས་སོན་གསོའི་ལག་རྩལ། སྐྱེ་ཁམས་སླར་གསོའི་རིག་པ། བདེ་ཐང་ཚན་རིག་དང་ལག་རྩལ་སོགས་ཚུད་ཅིང་། མིག་སྔར་《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག》གསར་ཤོས་ནང་ཆེད་ལས་རིགས་93དང་ཆེད་ལས་སྣ་ཁ་816ཚུད་ཡོད། སློབ་གསོ་པུའི་མཐོ་རིམ་སློབ་གསོ་སིའི་འགན་འཁུར་བས“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་འགྱུར་ལྡོག་དང་ཆེད་ལས་བཀོད་སྒྲིག་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས། ང་ཚོས་ད་དུང་རྒྱལ་ཁབ་ཀྱི་ཚོད་འཛིན་བཀོད་སྒྲིག་ཆེད་ལས་ཁྱབ་ཁོངས་ལ་སྟབས་བསྟུན་ལེགས་སྒྲིག་བྱས་ཏེ་ཐོན་ཁུངས་རྩད་ཞིབ་བཟོ་སྐྲུན་དང་། ནད་སྐྱོང་རིག་པ། སྐྱེ་གཡོག་རིག་པ་བཅས་རྒྱལ་ཁབ་ཀྱི་ཚོད་འཛིན་བཀོད་སྒྲིག་ཆེད་ལས་སུ་ལེགས་སྒྲིག་བྱས་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།