དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ན་ནིང་གཞིས་རྩེས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་246ལྷག་ཙམ་མི་ཕོག་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-21

    2023ལོར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་ཁག་1069བདག་སྤྲོད་བྱས་པ་དང་། ཧྲེ་ཀྲང་གི་ཐད་སྦྲེལ་ཁ་པར་གྱི་བརྒྱུད་སྒྲུབ་ཁུངས་སྣེ་ཁག་180བདག་སྤྲོད་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་246.43ལྷག་ཙམ་མི་ཕོག་པར་བྱས་པ་རེད།

    2023ལོར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། ཞུ་གཏུག་གི་ཐབས་ལམ་ཤར་གཏོང་བྱེད་པ་དང་། རྩོད་གཞི་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་མང་ཚོགས་མི་ཐེངས་ཁྲི་11.7ལ་ཅ་དངོས་རྫུས་མ་དབྱེ་བ་འབྱེད་སྟངས་མཛུབ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་གནད་དོན་142ཐག་གཅོད་བྱས་པ་དང་། དྲ་ཕྱིའམ་དངོས་གཞིའི་ཚོང་ཁང་ནས་ཅ་ལག་ཉོས་པར་སྐྱོན་ཡོད་ཚེ་ཉིན་7ནང་ཚུན་དུ་ཆ་རྐྱེན་གང་ཡང་མེད་པར་ཕྱིར་སློག་རྒྱུ་ཁས་ལེན་བྱེད་མཁན་ཚོང་དུད་7བཙུགས་པ། འགག་སྒོ་དང་རྡོ་ཐ་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་རྩད་ཆོད་པའི་དུས་ཚོད་ཡོལ་བའི་བཟའ་བཅའ་དང་ཚོང་རྟགས་རྫུས་མའི་ཚོང་ཟོག་སོགས་རིན་ཐང་སྒོར་ཁྲི་70ཙམ་རི་བའི་དངོས་ཟོག་སྣ་ཁ་250ལྷག་ཙམ་ཡོངས་བསྒྲགས་ཐོག་མེད་པར་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།