དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོཌ་འགན་བཅོལ་ལས་སྒོ་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-21

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་དང་ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་མཉམ་དུ་སྤྱི་ཚོགས་འགན་བཅོལ་ལས་སྒོ“ཐག་ཉེ་སར་གཉེར་བའི”མཉམ་ལས་གན་རྒྱ་འཇོག་པ་དང་ལས་གཉེར་ཁང་གི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་འཚོགས་པ་རེད། དེའི་ཐོག་ནས་གྲོང་ཁྱེར་དེའི་སྤྱི་ཚོགས་འགན་བཅོལ་ལས་སྒོ“ཐག་ཉེ་སར་གཉེར་བའི”སྤུས་ལེགས་ལས་གཉེར་ཁང་དངོས་སུ་སྤྱོད་འགོ་ཚུགས་ནས་མང་ཚོགས་ཀྱི་སྤྱི་ཚོགས་འགན་བཅོལ་ལས་སྒོ་གཉེར་བར་སྔར་བས་སྟབས་བདེ་བསྐྲུན་པ་དང་སྤུས་ལེགས་ཀྱི་ཞབས་ཞུ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྒྲུབ་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཐག་ཉེ་སར་གཉེར་བའི”ལས་གཉེར་ཁང་དེ་སྣེ་གདོང་ཆུས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བཙུགས་ཡོད་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་ལས་སྒོ་གཉེར་བ་དང་། དངུལ་རྩའི་ལས་སྒོའི་བློ་འདྲི་དང་གཉེར་སྒྲུབ་སོགས་ཀྱི་ཞབས་ཞུ་སྣ་ཚོགས་སྒྲུབ་ཀྱི་ཡོད། དེས་སྤྱི་ཚོགས་འགན་བཅོལ་དང་དངུལ་ཁང་གི་ལས་སྒོ་ཆེ་གྲས་གཉིས་སྦྲེལ་མཐུད་བྱས་ཏེ“དྲོ་སྐྱིད་ལྡན་པའི་མི་སྤྱི་ཅུས”ཀྱི་མིང་བྱང་གསར་པ་གཏོད་རོགས་བྱས་པ་མ་ཟད། ད་དུང“སྤྱོད་གོ་མང་ཆོད”ཀྱི་མཉམ་འདུས་ཕན་འབྲས་ཀྱང་ཐོན་ནས་མང་ཚོགས་ཀྱིས་སྤྱི་ཚོགས་འགན་བཅོལ་ལས་སྒོ་གཉེར་སྐབས་སྐྱོད་ཐེངས་གཅིག་ལ་སྒྲུབ་ཐུབ་པའི་སྤུས་ལེགས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།