དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གམ་པ་མཐའ་མཚམས་མངགས་གཏོང་ཁང་གིས།

    མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་མེ་ཏོག་རབ་ཏུ་བཞད་པར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-21

    འདི་ལོའི་ཟླ་དང་པོར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པའི་མིང་ཐོ་ཁག་བཅུ་གཅིག་པ་ཡོངས་བསྒྲགས་བྱས་ཤིང་། བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གམ་པ་མཐའ་མཚམས་མངགས་གཏོང་ཁང་མིང་གྲལ་དུ་ཚུད་ཡོད།

    གམ་པ་མཐའ་མཚམས་མངགས་གཏོང་ཁང་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་པའི་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་ཡོད། ཉེ་བའི་ལོ་ཤས་རིང་། གམ་པ་མཐའ་མཚམས་མངགས་གཏོང་ཁང་གིས་ཐོག་མཐའ་བར་གསུམ་དུ“གངས་ལྗོངས་མཐའ་བརྟན་གྱི་ཏང་འཛུགས་སྐྱོང་ཁུལ”གྱི་སྤུས་རྟགས་འཛུགས་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་ལྷིང་དང་མཐའ་བརྟན་ཡོང་བར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བདེ་ཞིང་སྐྱིད་པའི་འཆར་གཞི་གསར་པ་འགོད”ཅེས་པའི་སེ་འབྲུའི་རྡོག་ལྟར་གཅིག་ཏུ་སྒྲིལ་བའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་ཏེ་བཅའ་སྡོད་བྱ་ཡུལ་གྱི་མི་རིགས་ཁག་དང་ལས་བྱེད་མང་ཚོགས་དང་ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་གྱི་མཐའ་བརྟན་ཁུལ་ཞིག་བཏོད་དེ་མཐའ་བརྟན་མཐའ་དར་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད།

    ལོ་ལྟར། གམ་པ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྐྱོད་ཐེངས་རེར་སྤྱི་ལེ་20ཡས་མས་ཟིན་པའི་མཐའ་མཚམས་སུ་སྐོར་གཡེང་ཐེངས་200ལྷག་ཙམ་བྱེད་ཀྱི་ཡོད། ལམ་ཐག་རིང་བའི་སྐོར་གཡེང་ལམ་བུ་སྤྱིར་བཏང་ཞིག་ཡིན་སྙམ་ཡང་། ག་དུས་ཉེན་ཁ་འཕྲད་མིན་བཤད་ཚོད་མི་ཐེབས་པ་ཞིག་རེད། སྟོབས་རྒྱལ་གློ་བུར་དུ་འགྱེལ་བས་ཀྲང་ཅུན་མིང་གིས་གནས་ཚུལ་དེ་ད་བར་བརྗེད་མེད། གསོ་རླུང་མི་འདང་བའམ་ཡང་ན་དཀའ་ལས་ཁག་དྲགས་པ་ཡིན་སྲིད། དེ་དུས་སྐོར་གཡེང་རུ་ཁག་གི་མདུན་དུ་སྐྱོད་པའི་སྟོབས་རྒྱལ་གློ་བུར་དུ་རྐང་པ་ཚུགས་མི་ཐུབ་པར་གྱུར་ནས་ཁྱར་ཁྱོར་ངང་གཡང་སར་འགྱེལ་གྲབས་བྱས་ཤིང་། སྟབས་ལེགས་པ་ཞིག་ལ་རྒྱབ་ཏུ་ཡོད་པའི་ཀྲང་ཅུན་མིང་གིས་མཐོང་འཕྲལ་སྟོབས་རྒྱལ་གྱི་སྟོད་གོས་ནས་ལམ་སེང་འཇུས་སྟབས་ཉེན་ཁ་ལས་གྲོལ་ཡོད།

    “ང་ཚོས་མདུན་ཕྱོགས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་བསྒྲུབས་ཏེ་ཁྱིམ་ཚང་ཁྲི་སྟོང་དུ་མར་དྲོ་སྐྱིད་ལྡན་པར་བྱེད་ཀྱི་ཡོད”ཅེས་ཀྲང་ཅུན་མིང་གིས་དཔུང་པ་གཡོན་པའི་སྟེང་གི་རྒྱལ་དར་ལ་ལག་པ་རེག་བཞིན་བཤད།

    ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་བཅངས་ནས་ཕྱོགས་བཞི་མཚམས་བརྒྱད་ནས་འདིར་འཛོམས་ཏེ། ཁོང་ཚོས་འབྲུ་རིགས་ཁམ་གང་ལས་མེད་ཀྱང་མཉམ་བཟའ་དང་ཉལ་ཁྲི་གཅིག་ལས་མེད་ཀྱང་མཉམ་དུ་ཉལ་ཏེ་གཅིག་སེམས་གཅིག་ལ་གཏད་ཡོད། མཉམ་སྡེབ་འདིའི་ནང་ང་དང་ཁྱོད་ཀྱི་དབྱེ་བ་མེད་པ་དང་མི་རིགས་ཀྱི་དབྱེ་བ་མེད་པར་ཚང་མར་ལྟ་སྟངས་གཅིག་མཚུངས་བྱེད་ཀྱི་ཡོད།

    གམ་པ་ནི་འབྲོག་ལས་གཙོ་བོར་བྱེད་པའི་མཐོ་གྲང་གི་མཐའ་མཚམས་རྫོང་ཞིག་ཡིན། མང་ཚོགས་ཀྱིས་སྔོ་ཚལ་སོས་པ་བཟའ་བའི་དཀའ་ངལ་དེ་བས་ཐག་གཅོད་ཡག་པོ་བྱ་ཆེད། སྲིད་གཞུང་གིས་དྲོད་ཁང་ཆེན་པོ་ཁག་གཅིག་གཅིག་གྱུར་བསྐྲུན་ཡོད། འོན་ཀྱང་མང་ཚོགས་ལ་ཉམས་མྱོང་མེད་པར་བརྟེན་སྔོ་ཚལ་དྲོད་ཁང་མི་ཉུང་བར་སྔོ་ཚལ་ཡག་པོ་སྐྱེས་མེད།

    2023ལོར་གམ་པ་མཐའ་མཚམས་མངགས་གཏོང་ཁང་གིས“མི་དམངས་ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པའི”བྱེད་སྒོ་སྤེལ་སྐབས་དྲོད་ཁང་དུ་མང་ཚོགས་ཀྱིས་སྔོ་ཚལ་འདེབས་མི་ཤེས་པའི་གནས་ཚུལ་ཤེས་སྐབས་ཁོང་ཚོས་རོགས་པ་བྱ་རྒྱུའི་སེམས་ཤུགས་དེ་བས་བཅངས་ཡོད།

    དྲོད་ཁང་ཆེན་པོའི་ནང་སྔོ་ཚལ་འདེབས་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་ཡིན་ལ། ལྷག་པར་དུ་གཞི་རིམ་གྱི་མངགས་གཏོང་ཁང་དང་། ས་ཚིགས། སྒར་ཁུལ་བཅས་ཚང་མར་ཉུང་མཐར་ཡང་དྲོད་ཁང་ཆེན་པོ་རེ་ཟུང་ཡོད་པས། ཤིང་འབྲས་དང་སྔོ་ཚལ་འདེབས་གསོ་མཁས་ཅན་མང་པོ་གསོ་སྐྱོང་བྱས་ཡོད།

    ཁ་བཤད་ལག་བསྟར་བྱེད་དགོས་པ་ལྟར་གམ་པ་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་འཕྲལ་མར་སྒྲིག་འཛུགས་བྱས་ཏེ་སྔོ་ཚལ་འདེབས་འཛུགས་ཀྱི“ཆེད་སྦྱོང་འཛིན་གྲྭ”བཙུགས་ཏེ་ཐར་ཐོར་དུ་གནས་པའི་མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་། ས་རྒྱག་པ་དང་། ལྗང་པ་གསོ་བ། ཆུ་གཏོང་བ། ལུད་རྒྱག་པ་བཅས་ནས་དྲོད་ཚད་དང་བརླན་བཤེར་ཚོད་འཛིན་དང་། ནད་འབུའི་གནོད་འཚེ་འགོག་བཅོས་བཅས་བར་གྱི་ལྷུ་ཚིགས་ཚང་མར་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་སྟེ་དམར་ཁྲིད་བྱས་ཡོད།

    གམ་པ་མཐའ་མཚམས་མངགས་གཏོང་ཁང་ལ་དེ་དང་འདྲ་བའི་སྐོར་གཡེང་དང་ཚལ་འདེབས་པའི་གཏམ་རྒྱུད་ད་དུང་ཧ་ཅང་མང་པོ་ཡོད། ལྷག་པར་དུ་2023ལོ་ནས་བཟུང་། གམ་པ་མཐའ་མཚམས་མངགས་གཏོང་ཁང་གིས་སྒོ་རྩར་ལག་ཁྱེར་གཉེར་བ་དང་། ཁ་གཏད་རོགས་སྐྱོར། ཐོན་ལས་དབུལ་སྐྱོར། “གཅེས་སེམས་ཞབས་ཞུའི་རུ་ཁག”འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་20ལྷག་ཙམ་ཐག་གཅོད་བྱས་པས་མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།