རྒུན་འབྲུམ་ཨ་རག་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པ།
འདི་ནི་ལག་རྩལ་པས་མང་ཚོགས་ལ་རྒུན་འབྲུམ་ཡལ་གཅོད་རྒྱག་སྟངས་སློབ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒུན་འབྲུམ་ཐོན་ལས་དེ་གྲོང་གསེབ་དར་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་ཐོན་ལས་གཙོ་བོར་བརྩིས་ནས་དམ་འཛིན་བྱས་ཡོད། 2017ལོར་ཟངས་རི་རྫོང་དུ་ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀ་ཚད་ཡོད་ཀུང་སི་བཙུགས་ནས་མཐར་མ་གྲོང་ཚོ་དང་། ལོག་གྲོང་ཚོ། གྲོང་སྐྱིད་གྲོང་ཚོ་སོགས་དཔེ་སྟོན་ས་ཚིགས་སུ་བྱས་ནས་གྲོང་ཚོ་ཡོངས་ལ་སྐུལ་འདེད་གཏོང་བ་དང་། གཅིག་སྡུད་ཡུག་འབྲེལ། གཞི་ཁྱོན་འཕེལ་རྒྱས་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་གནོད་མེད་པ་དང་ལྗང་མདོག་སྤུས་ལེགས་ཀྱི་སྐྱེ་ལྡན་རྒུན་འབྲུམ་འདེབས་འཛུགས་ཤུགས་ཆེན་བྱས་ཡོད།