དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུས་ཚོང་འགུགས་མ་འདྲེན་ལ་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་སྦྱིན་པ།

    2023ལོར་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་26.68ཟིན་ནས་དམིགས་ཚད་ལས་འགན་གྱི་157%ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-21

     ཉིན་ཤས་གོང་། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། 2023ལོར་ནག་ཆུ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། བྱེད་ཐབས་སྣ་མང་སྤྱད་དེ་ཚོང་འགུགས་མ་འདྲེན་ལས་དོན་ལ་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ནག་ཆུ་གྲོང་ཁྱེར་དུ་ཁྱོན་ཚོང་འགུགས་མ་འདྲེན་རྣམ་གྲངས་51ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་26.68དམིགས་སར་འབྱོར་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་157%ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་དང་། མི་2237བསྡུས་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་25.66བཏང་བ། ངལ་ནུས་འབབ་འཕར་སྒོར་ཁྲི་1531.9བྱུང་བ་རེད།

    2023ལོར་ནག་ཆུ་གྲོང་ཁྱེར་གྱིས་རང་འགུལ་ངང་ཚོང་འགུགས་གནད་སྨིན་བྱས་ནས་ཧྲེན་དབྱང་དུ་བོད་ལྗོངས་ནག་ཆུ་དང་ལེའོ་ཉིང་གི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་རྣམ་གྲངས་གསུམ་ལ་གན་རྒྱ་བཞག་པ་དང་། མ་དངུལ་སྒོར་དུང་ཕྱུར་7ཙམ་གཏོང་རྩིས་ཡོད་པའི་ནང་ནུས་རྒྱུ་གཙང་མ་དང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

     ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་དུ་ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་བདེ་བླག་ངང་གཉེར་ནས་ལས་སྟེགས་སྔར་བས་ལེགས་སུ་དང་ཐབས་ལམ་ཤར་བགྲོད་ཐུབ་པ་དང་། མཉམ་ལས་བར་མཐོངས་སྔོག་འདོན་གཏིང་ཟབ། རྣམ་གྲངས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ། འདུ་ཚོགས་ཐོག་རྣམ་གྲངས་5ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་རྩ་གཏོང་ཚད་སྒོར་དུང་ཕྱུར་40.9ཟིན་ཡོད་པ་རེད།

    དུས་མཚུངས་ནག་ཆུ་གྲོང་ཁྱེར་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས། དམངས་ཁྲོད་ཀྱི་མ་རྩ་ས་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་འཇོག་རྒྱུར་རྒྱབ་སྐྱོར་བྱས་པར་དམངས་ཁྲོད་ཀྱི་མ་རྩ་སྒོར་དུང་ཕྱུར་5ཡན་རྒྱུན་འཁྱོངས་ཐུབ་པ་དང་། ཚོང་འགུགས་ཐབས་ལམ་གསར་གཏོད་དང་། འགྲེམས་ཚོགས་ཀྱི་ཚོང་འགུགས་དང་བོད་སྐྱོར་ཚོང་འགུགས་ལ་ཤུགས་སྣོན་རྒྱག་པ། ནག་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། 《ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས》མགྱོགས་མྱུར་བཟོ་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་གསར་དར་ཐོན་ལས་སྐྱེད་སྲིང་ལ་གཙོ་གནད་ཐོག་དམིགས་པ། སྐུལ་ཁྲིད་ནུས་པ་ཆེ་བའི་ཁེ་ལས་རྣམ་གྲངས་ཁག་གཅིག་ནང་འདྲེན་བཅས་བྱས་ནས། 2024ལོར་ཚོང་འགུགས་མ་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་23ཡན་ཟིན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།