དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱིས་ལས་དོན་ཁག་གསུམ་ཡག་པོ་བསྒྲུབས་ནས་ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇཌ་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-20

    ན་ནིང་དགུན་ཁ་ཤར་ཚུན་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱིས་ལས་དོན་ཁག་གསུམ་ཡག་པོ་བསྒྲུབས་ནས་ནགས་ཚལ་མེ་ཟོན་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་བསྐྲུན་ཏེ། ནགས་ཚལ་མེ་སྐྱོན་གཏན་འགོག་གིས་ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།

    དྲ་ཚུགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ནགས་ཚལ་གནོད་སྐྱོན་འགོག་སྲུང་གི་འཕྲལ་སྡོམ་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་རོང་སྨད་གྲོང་རྡལ་ཏང་ཨུད་ཀྱིས་ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ནགས་ཚལ་གནོད་སྐྱོན་འགོག་སྲུང་གི་ཇུས་གཞི་བཟོས་ཏེ། ནགས་དཔོན་ལམ་ལུགས་ལ་བརྟེན་ནས་གྲོང་རྡལ་ཡོངས་འགན་འཁྲིའི་ཁུལ་14ལ་དབྱེ་ནས་སྤྱི་ཁྱབ་ནགས་དཔོན་གྱིས་སྤྱི་འགན་འཁུར་བ་དང་། གྲོང་ཚོ་རིམ་པའི་ནགས་དཔོན་23གྱིས་ཁུལ་དབྱེ་འགན་འཁུར་གྱི་འགན་འཁྲིའི་མ་ལག་བཙུགས་པ་རེད། གྲོང་རྡལ་རིམ་པའི་ནགས་སྲུང་འཕྲལ་རྒོལ་རུ་ཁག་ལེགས་འདེམས་ཧྲག་སྒྲུག་བྱས་ནས་གྲོང་ཚོ་ཁག་གི་རྒྱུན་རྣམ་ཅན་གྱི་ནགས་སྲུང་སྟོབས་ཤུགས་ཆེ་རུ་བཏང་བ་རེད།

    དངོས་ཟོག་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ནགས་ཚལ་གནོད་སྐྱོན་འགོག་སྲུང་གི་དངོས་པོའི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཞིང་། ནགས་ཚལ་གནོད་སྐྱོན་འགོག་སྲུང་གི་ཛ་དྲག་དུས་མཚམས་སུ་སླེབས་པ་ནས་བཟུང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱིས་ཆེད་མི་བཀོད་སྒྲིག་བྱས་ཏེ་ནགས་ཚལ་གནོད་སྐྱོན་འགོག་སྲུང་གི་དངོས་ཟོག་སྒྲིག་ཆས་ལ་དུས་ཐོག་ཏུ་ལེགས་སྒྲིག་གཙང་བཤེར་དང་རིགས་དབྱེ་ཞིབ་ཚགས་བྱས་པ་མ་ཟད། རེ་རེ་བཞིན་ཐོ་འགོད་བྱས་ནས་གཏོར་སྐྱོན་ཕོག་པའི་སྒྲིག་ཆས་དུས་ཐོག་ཏུ་ཉམས་གསོ་བྱེད་པའམ་ཡང་ན་བརྗེས་པ་རེད།

    ཤེས་བྱ་དྲིལ་བསྒྲགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དཔུང་ཁག་གི་དངོས་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། ན་ནིང་གི་ཟླ་11པ་ནས་བཟུང་ནགས་ཚལ་གྱི་མེ་ཟོན་བཀོད་སྒྲིག་ཚོགས་འདུ་ཐེངས་3འཚོགས་པ་དང་། ནགས་ཚལ་གྱི་མེ་ཟོན་དྲིལ་བསྒྲགས་ཐེངས་4བྱས་པ། དྲིལ་བསྒྲགས་དེབ་800སྤྲད་པ། མང་ཚོགས་1000ལ་སློབ་གསོ་ཐེབས་པ་བཅས་རེད། དངོས་འཐབ་ནང་སྦྱོང་ཐེངས་3བྱས་པ་དང་ནགས་ཚལ་གྱི་མེ་ཟོན་ཞིབ་བཤེར་ཐེངས་2བྱས་ནས། ཤེས་རྟོགས་ཐུབ་པའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་དག་ཐེར་བྱས་པ་དང་ཁྱོན་མངོན་མེད་རྐྱེན་ངན་ཁག་8དག་ཐེར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།