དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་ནས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།

    —— བྲག་ཡིབ་ཆུས་ཀྱིས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་གསོ་སྦྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-20

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་གི་ཚན་ཁག་གི་ཁོངས་མི་དང་། ལས་བྱེད་ལས་བཟོ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། ཚན་རྩལ་ཆེད་བསྐོས་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་སོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག“གོ་བ་དང་། ཤོད་པ། ཀློག་པ། འབྲི་བ”བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་བ་དང་། ཇུས་བཟང་དོན་གཉེར་དང་ཐབས་ཇུས་དངོས་བཏོན་ཏེ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“བརྒྱུད་རོགས་ཁྲིད”གསུམ་ལ་དམ་འཛིན་ཡག་པོ་བྱས་པ།

    བྲག་ཡིབ་ཆུས་ཀྱི་གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་བཅུ་གཉིས་པས་དོན་དངོས་ལ་གཞི་ཚུགས་ནས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་གསོ་སྦྱོང་མཐའ་འཁྱོངས། སློབ་སྦྱོང་བྱེད་སྟངས་དང་ལག་ལེན་གྱི་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཅས་བཏང་སྟེ་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་ཁྱབ་གདལ་གཏོང་རྒྱུ་སྟོན་ཕྱོགས་སུ་བྱས་ཏེ། གྲོང་སྡོད་ལས་བྱེད་པའི“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “གཅིག་གཏད་གཅིག”གམ“མང་གཏད་གཅིག”གི་རོགས་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་སྡུད་སློབ་ཁྲིད་དང་། མི་སྒེར་གྱི་རང་སྦྱོང་། ཚོགས་འདུའི་སྤེལ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་ཁྲིད་གོང་གི་སྔོན་སྦྱོང་རྒྱུན་འཁྱོངས་དང་སློབ་ཁྲིད་རྗེས་ཀྱི་སྤེལ་རེས་མཐོར་གཏོང་གིས་ཏང་ཡོན་ལས་བྱེད་པ་སློབ་སྦྱོང་བྱེད་འདོད་པ་དང་། སློབ་སྦྱོང་ལ་དགའ་ཞེན། སློབ་སྦྱོང་ལ་སྣང་ཆེན་བཅས་ཀྱི་ཚ་རླབས་ཤིག་རྒྱུན་ཆད་མེད་པར་འཕྱུར་བ་རེད།

    ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་གྱིས་གཟའ་འཁོར་རེར་དུས་བཀག་ལྟར་ཆུ་ཚོད་གཅིག་གི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི“གསར་བརྗེའི་མཚན་མོའི་སློབ་གྲྭའི”གསོ་སྦྱོང་གཉེར་ནས་རྒྱ་ཆེའི་ཏང་ཡོན་གྱི“གོ་བ་དང་། ཤོད་པ། འབྲི་བ”བཅས་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག དུས་བཀག་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཚོད་རྒྱུགས་བཏང་ནས་ཡིག་རྒྱུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་སློབ་སྦྱོང་བྱས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་མཐའ་འཁྱོངས་བྱས་ཡོད། དགུང་ཚང་ཤང་པད་མ་སྟེང་གྲོང་ཚོས་རྨང་གཞི་ཞན་པའི་གྲོང་མིར་དམིགས་ཏེ“གཅིག་གཏད་གཅིག”གི་ཆ་སྒྲིག་སློབ་སྐྱོར་གྱི་ཐབས་ཇུས་སྤྱད་དེ་སྟབས་བདེའི་མིང་ཚིག་དང་འཚམས་འདྲིའི་སྐད་ཆ་སོགས་རྨང་གཞིའི་ནང་དོན་ནས་འགོ་བཙུགས་ཏེ་གསབ་ཁྲིད་བྱས་ཡོད། རྨང་གཞི་ཡོད་པའི་གྲོང་ཚོའི་ལས་བྱེད་པར《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཀློག་དེབ》གཞིར་བཟུང་སློབ་ཁྲིད་གཏིང་ཟབ་བྱས་ཡོད། བྲག་ཡིབ་གྲོང་རྡལ་གྱིས་གྲོང་ཚོ་རིམ་པའི་རིག་གནས་ས་ཚིགས་ཀྱི་བྱེད་སྒོ་སྤེལ་སར་བརྟེན་ནས“གོ་བ་དང་། ཤོད་པ། ཀློག་པ། འབྲི་བ། ལྟ་བ”བཅས་ཟུང་དུ་འབྲེལ་བའི་གསོ་སྦྱོང་སློབ་ཚན་འཆར་འགོད་བྱས་ནས་གྲོང་རྡལ་གྱི་འགོ་ཁྲིད་ལས་བྱེད་པས་གཙོ་གནད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་གསལ་འགྲེལ་ཐེངས་300ལྷག་ཙམ་བྱས་པ་རེད།

    གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་གཅིག་སྡུད་སློབ་གསོར་དམ་འཛིན་ཡག་པོ་བྱས་པ།

    གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བརྒྱུད་རིམ་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏོང་ཆེད། བྲག་ཡིབ་ཆུས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་འཆར་གཞི་བཟོས་ཏེ། ཐ་སྙད་དང་། ཚིག བརྗོད་པ་བཅས་དང་དེ་བཞིན་རྒྱུན་སྤྱོད་སྐད་ཡིག་དང་འཕྲིན་ཡིག་འབྲི་སྟངས་སོགས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པར་གསོ་སྦྱོང་བྱས་པ་རེད།

    དེ་དང་ཆབས་ཅིག་བྲག་ཡིབ་ཆུས་ཀྱིས་ད་དུང་ཏང་ཡོན་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཚོད་རྒྱུགས་བཏང་ནས། “ཤོད་པ་དང་། ཀློག་པ། འབྲི་བ”བཅས་ཕྱོགས་གསུམ་ཐད་ནས་ཏང་ཡོན་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་ཚད་ལ་ཞིབ་བཤེར་བྱས་ཡོད། མིག་སྔའི་བར་བྲག་ཡིབ་ཆུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་73ལ་ཚོད་རྒྱུགས་བཏང་བས་ཚང་མ་སྐར་གྲངས་85ཡན་ཟིན་ཡོད་པ་རེད།

    གཅིག་སྡུད་སློབ་གསོར་དམ་འཛིན་བྱ་ཆེད། བྲག་ཡིབ་ཆུས་ཀྱིས་ད་དུང་མང་ཚོགས་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་པའི“ཚང་མས་ང་དང་མཉམ་དུ་ཀློག”སོགས་ཀྱི་བྱེད་སྒོ་སྤེལ་ནས་སྐད་ཡིག་སྦྱོང་བའི་ཁོར་ཡུག་ཧུར་ཐག་བཏོད་ཡོད། བྲག་ཡིབ་ཆུས་དགུན་ཚང་ཤང་བཀྲ་ཆོས་གྲོང་ཚོས་བོད་རྒྱ་སྐད་ཡིག་གཉིས་ནས་སློབ་ཁྲིད་བྱས་ཏེ་གྲོང་མི་ཚོས་རེས་མོས་ངང་སློབ་ཚན་ཁྲིད་རྒྱུའི་ལྕག་སྐུལ་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད།

    ཁོར་ཡུག་བསྐྲུན་ནས་རང་བརྟེན་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་པ།

    ཏང་ཡོན་གྱི་ཤེས་རྟོགས་ནུས་པ་ཆེ་རུ་གཏོང་བ་དང་སློབ་སྦྱོང་གི་སྤྲོ་སེམས་འཕེལ་ཆེད། བྲག་ཡིབ་ཆུས་ཀྱིས་དྲ་རྒྱའི་སྟེགས་བུ་གང་ལེགས་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་གཏོང་བའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་འཆར་འགོད་ནན་ཏན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་བྱེད་སྒོ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།

    དེ་དང་ཆབས་ཅིག བྲག་ཡིབ་ཆུས་ཀྱིས་རྒྱུན་གཏན་འཚོ་བའི་ཁ་བརྡ་དང་། སློབ་སྦྱོང་། ལས་དོན་བཅས་ཀྱི་རྒྱུན་སྤྱོད་ཐ་སྙད་དེ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བརྩི་བ་དང“ཉན་པ་དང་། ཤོད་པ། ཀློག་པ། འབྲི་བ་བཅས”ཕྱོགས་བཞིའི་ཐད་ཀྱི་ནུས་པ་ཚད་བརྒལ་སར་བརྩིས་ནས་རིམ་པ་བཞིན་གསོ་སྦྱོང་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་རྣམ་པ་བཟང་པོ་ཧུར་ཐག་གཏོད་རྒྱུ་རེད། མིག་སྔར་བྲག་ཡིབ་ཆུས་ཀྱིས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་སྒྲིག་འཛུགས་བྱས་ནས་དྲ་ཐོག་དང་དྲ་ཕྱིར་གསོ་སྦྱོང་ཐེངས་270ལྷག་ཙམ་བྱས་པ་དང་། གསར་བརྗེའི་རྒྱལ་གཅེས་གླུ་གཞས་གཏོང་བ་སོགས་ཀྱི་བྱེད་སྒོ་ཐེངས་5སྤེལ་བ། རིག་གནས་གསབ་སྦྱོང་གི་མཚན་མོའི་སློབ་གྲྭ་གཉེར་བ་དང་ཞིང་ནང་དང་མུ་ཁར་སློབ་ཁྲིད་ཐེངས་410ལྷག་ཙམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།